R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༨ན-༢༨༥
[A:༤༨ན-༢༨༥] ༄༅། །པོ་དང། ཁོང་ཟན་ཧྲིལ་གཉིས་པ་ཡིན་པས། ད་མཁན་ཐོག་ཏུ་ཁོང་ལས་ལྷག་པ་སྒྲོན་མེ་བཏེག་ནས་བཙལ་ཡང་མི་རྙེད་པས། ཁོང་གདན་འདྲེན་ལ་གཏོང་བ་ཞུ་ཞེས་ཞུ་བ་བསྐུར་བ་རྣམས། བདག་ཆེན་དུ་ཞུས་པ་ན་བཀའ་ལས། ཁྱེད་རྣམས་དེ་ཙམ་གྱི་དོ་གལ་གྱི་མཁན་པོ་བསྐོ་དགོས་ན། ད་སྒོས། ངེད་རང་དང་འབྲེལ་ཆེ་བ་རང་མི་འདུག་རུང། གོང་དཀར་རྡོ་རྗེ་གདན་ན་དཀའ་བཅུ་བ་ཆོས་གྲུབ་སེང་གེ་བཞུགས་ཡོད་འདུག་དུས། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཡིན་པར་བསྟན་པ་སྤྱི་སྒོས་མ་ཡིན་པའི་མཐུན་གྲུབ་ཡིན་འདུག་པས། ངེད་ཀྱིས་ཀྱང ། དྲུང་དོན་ཡོད་རྡོ་རྗེ་བ་དང། དྲུང་ལྷ་དབང་ཀུན་དགའ་བ་གཉིས་ལ་ཡི་གེ་བྱེད་པས། ཁྱེད་རང་རྣམས་ཀྱང་གདན་འདྲེན་ལ་གཏོང་བའི་གླེང་བཀོད་བགྱིས་ཕེབས་པས། ཐམས་ཅད་ཕྱོགས་ཁྱེར་བྱེད་རྒྱུ་མེད་པར་ཞལ་མཐུན་དུ་གདན་འདྲེན་ལ་གཏོང་བར་ཆད་པའི་གླང་ལོ་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མཆོད་པའི་དུས་གཏོང་གྱི་སྟེངས་སུ་བར་ཆད་མེད་པར་འགྲུབ་པའི་སྤྱི་སྒོས་ཐམས་ཅད་ནས་བསྐང་གསོ་ལེགས་པར་མཛད། སླད་ནས་ཀྱང་རྗེ་བཙུན་མ་ལ་གསོལ་བ་འདེབས་པ་དང། བསྐང་གསོའི་རྒྱུན་མ་ཕེབས་བར་དུ་ཡུན་བསྲིངས་པའི་ཚེས་བཅུ་གཅིག་གི་གཟའ་སྐར་བཟང་བ་ལ། དཀའ་བཅུ་བ་དཔལ་ལྷུན་པས་དབུ་མཛད་དཔོན་སློབ་བདུན་གྱིས་ཤར་ཕྱོགས་སུ་