R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༥ན-༢༧༩
[A:༤༥ན-༢༧༩] ༄༅། །བརྒྱད་མོ་བརྒྱད་ཀྱིས་བསྐོར་བ་ལྷ་བཅུ་བདུན་མ། ལེགས་ལྡན་ཟངས་གྲི་ཅན་ཞེས་ཀྱང་གྲགས་པའི་དབང། གུར་གྱི་མགོན་པོ་ལྷ་བཅུ་གསུམ་གྱི་རྗེས་གནང། གཉན་མགོན་ཞལ་བཞི་པ་ལྕམ་དྲལ་ལྔའི་རྗེས་གནང་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསམས་གྱིས་མི་ཁྱབ་པ་གསན་ནས། རྒྱལ་བ་ཀུན་གྱི་བགྲོད་པ་ཅིག་པའི་ཉེ་ལམ་མཆོག་གྱུར་སྨིན་གྲོལ་ལམ། རབ་ཏུ་དགའ་སོགས་གྲུབ་པའི་ས་བརྙེས་རྣལ་འབྱོར་དབང་ཕྱུག་བིརཱུ་པའི། ། གསུང་བཞིན་ལེགས་པར་ཕྱེ་ནས་སྟོན་མཛད་དཔལ་ལྡན་བླ་མ་དམ་པ་ནི། ། དུས་གསུམ་རྒྱལ་བའི་ཡོན་ཏན་གཅིག་ཏུ་བསྡུས་པ་དཔལ་འབྱོར་བཟང་པོ་དེ་ལ་འདུད། ། ཅེས་པ་ལ་སོགས་རྨད་དུ་བྱུང་བའི་བསྟོད་པའི་ཚོགས་ཀྱང་མང་དུ་མཛད་དོ། ། མདོ་སྔགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ཀྱི་དྲུང་དུ། རྡོ་རྗེ་ཕྲེང་བ་རྒྱུད་སྡེ་སོ་སོའི་ཕྱག་ལེན་གྱི་གོ་རིམས་བཞིན་དབང་བསྐུར་བའི་ཆོ་ག་དགེ་མོ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་པའི་ཡིག་ཆའི་སྟེངས་ནས་རྡོ་རྗེ་ཕྲེང་བའི་སྐོར་ཡོངས་སུ་རྫོགས་པ་དང། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ཐམས་ཅད་མཁྱེན་པས་མཛད་པའི་ཡིག་ཆའི་སྟེང་ནས་ཡོངས་སུ་རྫོགས་པར་གསན་ཞིང། གཞན་ཡང་ཚེ་དཔག་མེད་ལྷ་དགུའི་དབང། ལས་གཤེན་གྱི་རྗེས་གནང། རྡོ་རྗེ་ནག་པོ་ཆེན་པོ་གུར་ལྷ་བརྒྱད་ཀྱི་རྗེས་གནང། ལམ་འབྲས་རྡོ་རྗེའི་ཚིག་རྐང་གི་བཤད་པ་རྗེ་ས་པཎ་གྱི་གསུང་མ། དམར་ཆོས་ཀྱི་རྒྱལ་པོས་ཟིན་བྲིས་