R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༤བ-༢༧༨
[A:༤༤བ-༢༧༨] སྙུང་བར་གནས་པའི་ཆོ་ག། གཟུངས་སྒྲུབ། སྦྱིན་སྲེག་སོགས་ཡོངས་སུ་རྫོགས་པ། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རིག་གཏད། ཐུགས་རྗེ་ཆེན་པོ་ཁ་སརྤ་ཎེ་དང། འཇམ་དབྱངས་དཀར་པོའི་རྗེས་གནང་ཡིག་ཚོགས་དང་བཅས་པ། ཀུན་མཁྱེན་རོང་པོའི་བཀའ་འབུམ་ཐོར་བུ་བ་ཆོས་ཚན་བརྒྱ་དང་ཞེ་དྲུག། རྒྱལ་སྲས་ཐོགས་མེད་པའི་བཀའ་འབུམ་ཆོས་ཚན་བརྒྱ་བཅུ་གཅིག། དོ་ཧ་སྐོར་གསུམ། འདུལ་བ་ཚིག་ལེའུར་བྱས་པའི་བཤད་པ་ལ་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་གསན་ཏེ། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱི། །ཁུར་གྱིས་མཛེས་པའས་ཤཱ་ཀྱའི་རྒྱལ་པོ་བཞིན། ། བསྔགས་པར་འོས་པའི་བཤེན་གཉེན་དམ་པ་ནི། །རང་གཞན་དོན་གཉིས་འགྲུབ་པ་དེ་ལ་འདུད། ། ཅེས་ཕུལ་དུ་བྱུང་བའི་བསྟོད་པའང་མཛད། དེ་ནས་རྡོ་རྗེ་གདན་པ་ཆེན་པོ་ཐམས་ཅད་མཁྱེན་པ་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་དྲུང་དུ། ཟབ་པ་གཉིས་སུ་མེད་པའི་རྒྱུད་སྙིང་པོ་ཀྱེའི་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཡོངས་སུ་རྫོགས་པ་དང། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་མྱོང་ཁྲིད་དུ་མཛད་ཅིག། དེ་ཉིད་ཀྱི་ཆོས་ཀྱི་ཆ་ལག་དཀར་ཆག་ལྟར་དང། གཞན་ཡང་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང། ཀུན་རིག་གཞན་ཕན་འོད་ཟེར་གྱི་དབང། དེ་ཉིད་ཀྱི་བཤད་པ། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་གཤེན་རྗེ་ཕོ་