R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༣ན-༢༧༥
[A:༤༣ན-༢༧༥] ༄༅། །དུས་ཐམས་ཅད་དུ། ཐུགས་ཉམས་དང་མནལ་ལམ་དུ། མཚན་མོ་ན་བཟའ་ནས་སྤྲུག་པ་དང། ཕྱོགས་མཐའ་དག་ནས་མདལ་སྐྱོག་རྒྱག་པ་སོགས་མཚན་མ་ངན་པ་སྣ་ཚོགས་བྱུང་བ། དེ་མ་དམིགས་པའི་བཟློག་པའི་རིམ་པ་གནང་ཞིང། ཁྱད་པར་རྫོང་དཀར་ནས་བདག་མོ་ཚེ་རིངས་མའི་དྲུང་གིས། དེ་ཕྱོགས་ཁ་ངན་བྱེད་ཀྱི་རིགས་ཅི་ཡང་ཡོད་ཚད་འདུག་པས། ཕྱིར་བཟློག་ཆེན་མོ་ འདིས་ཕྱི་ནང་གི་ངན་བྱེད་ཐམས་ཅད་བཟློག་ཐུབ་པ་ཡིན་ཟེར་བསྔགས་པ་ཆེན་བར་འདུག་པས། ཞལ་འདོན་དུ་མཛད་དགོས་ཕེབས་པ་ལྟར་མཛད་པས་བྱད་མའི་མཚན་མ་རྣམ་པར་གྲོལ་དུ་སོང། དེ་ནས་བྱི་བ་ལོ་རང་གི་མངའ་འབངས་སུ་གཏོགས་པའི་དྲུང་སྐོར་ཕལ་ཆེན་བའང་དགྲ་ཕྱོགས་པས་བཀུག། ཡར་གོང་གི་སྟེང་དུ། གཞིས་ཀ་རིན་སྤུངས་པའི་དཔུང་ཆེན་གཏེགས་ཉེ་བར་འཚེ་བའི་ཚེ། སྟོན་པ་མི་འཇིགས་པའི་ཕྱག་རྒྱ་ཅན་གྱི་སྐུ་བཞེངས་ཏེ། རབ་ཏུ་གནས་པ་ལེགས་པར་བསྒྲུབས་ཤིང་གསོལ་བ་བཏབ་པས། གཞིས་ཁ་ཆེན་མོ་རང་ལ་འཕོ་འགྱུར་མེད་ཙམ་བྱུང་བཀའ་ཕེབས། དབུས་གཙང་གི་གྱུར་བ་རྣམས་སངས་རྗེས། མཁྱེན་བརྩེའི་དབང་ཕྱུག་ཤཱཀྱ་དོན་གྲུབ་པའི་དྲུང་དུ། སྙིང་པོ་ཀྱེའི་རྡོ་རྗེ་མན་ངག་ལུགས་ཀྱི་དབང་བཞི་ཡོངས་སུ་རྫོགས། དེའི་ཆ་ལག དབང་གི་ཆུ་བོ། རྩ་ལྟུང་འཁྲུལ་སྤོངས། ཀྱེའི་རྡོ་རྗེའི་ཡབ་ཀྱི་མངོན་རྟོགས་ཡན་ལག་བཞི་པ། སྒྲུབ་ཐབས་