R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༣བ-༢༧༦
[A:༤༣བ-༢༧༦] ཡན་ལག་དྲུག་པ། ཡུམ་གྱི་སྒྲུབ་ཐབས་ཡན་ལག་དྲུག་པ། ཚོགས་འཁོར་རྗེ་བཙུན་གྲགས་པས་མཛད་པ། ལས་བཞིའི་སྦྱིན་སྲེག་རེ་ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་བདུན། བདག་མེད་མའི་བསྟོད་པ་དྲི་མ་མེད་པ་རྗེ་བཙུན་གྲགས་པས་མཛད་པ། ཚོགས་འཁོར་རྩོད་སྤོངས་གཉིས་དང་བཅས་པ། སྐྱེ་མེད་དོ་པའི་གཅོད་སྐོར་ལས། ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས། སྟན་ཐོག་གཅིག་ལ་ཁྲིད་དུ་མཛད་ཅིང། འདིའི་ཆོས་ཀྱི་ཆ་ལག་སློབ་དཔོན་ཨཱརྱ་དེ་བ་དང། བྲམ་ཟེ་ཨཱརྱ་དེ་བས་མཛད་པའི་རྒྱ་གཞུང། དེ་གཉིས་ཀྱི་འགྲེལ་པ་སྐྱེ་མེད་དངོས་ཆོས་ཤེས་ཀྱི་མཛད་པ། སྐྱབས་འགྲོ་ཡན་ལག་བརྒྱད་པ། སྨོན་ལམ་ཚིག་རྐང་པ། གཅོད་ཀྱི་བེའུ་བུམ་ཆེན་མོ་ཆོས་ཚན་མང་པོ་ཡོད་པ་ལས། སྔོན་འགྲོ་ཐབས་ཀྱི་རིམ་པ། དངོས་གཞི་ངོ་སྤྲོད་མ། འགྱུར་བ་ལ་ངོ་སྤྲོད་པ། རྡོ་རྗེ་ཐལ་མོ་ལ་བརྟེན་ནས་ངོ་སྤྲོད་པ། རྡོ་རྗེ་མཉམ་གཞག་ལ་བརྟེན་ནས་ངོ་སྤྲོད་པ། ངོ་སྤྲོད་ཀྱི་འཇོག་ཆེན་མོ། སེམས་ཀྱི་རིངན་ངེས་པར་བྱ་ཐབས་རྣམས་ཏེ་ངོ་སྤྲོད་ལྟ་བའི་སྐོར། ཉམས་ལེན་སྒོམ་པའི་སྐོར་ལ། ཉམས་ལེན་ལག་ཁྲིད། གནད་ལྔའི་གདམས་པ། གནད་བཞི་ལྡན་གྱི་མན་ངག ཆེ་བ་གསུམ་ལྡན་གྱི་གདམས་པ། བོགས་འདོན་ལ། ཐབས་ཤེས་རབ་ཀྱི་བོགས་འདོན་པ། ལག་ལེན་དྲོན་ཚད་ཀྱི་གནང། གཅོད་ལྔ་ལྡན་གྱི་གདམས་པ། གཅོད་ཀྱི་སྙིང་སྟོབས་དགོས་ཚུལ། བླ་མ་ལ་གསོལ་བ་བཏབ་པས་