R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༢ན-༢༧༣
[A:༤༢ན-༢༧༣] ༄༅། །ཆེན་ཡེ་ཤེས་མངོན་དུ་གྱུར་བའི་མཐུས། །གྲུབ་པའི་དཔལ་བརྙེས་རྣལ་འབྱོར་དབང་ཕྱུག་གི། །ཕྲིན་ལས་བཟང་པོས་འགྲོ་བ་འདི་སྐྱོངས་ཤིག །ཅེས་པ་ལ་སོགས་པའི་བསྟོད་པའང་མཛད་དོ། །དེ་ནས་དབང་ཕྱུག་འབར་གྱི་གནས་མཆོག་དམ་པ་གྲ་ཐང་གི་མཁན་ཆེན་སྔགས་འཆང་ཤེར་ཟླ་བའི་དྲུང་དུ། ཕག་མོ་ཞལ་གཉིས་མའི་བྱིན་རླབས། རྡོ་རྗེ་གུར་ལས་གསུང་པའི་མགོན་པོ་ལྷ་བརྒྱད་མ་དང། བཅུ་གཉིས་མའི་དབང། ཕྱག་ན་རྡོ་རྗེ་ཁང་བུ་བརྩེགས་པ་དང། ཞང་བློན་ཆེན་རྡོ་རྗེ་བདུད་འདུལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་ཆོས་སྐོར་མ་ཚང་བ་མེད་པ་གསན། སྟོང་ཉིད་རྟོགས་པའི་ཤེས་རབ་འོད་གསལ་ཞིང། །མི་འགྱུར་བདེན་ཆེན་ཟླ་བའི་ཆ་ཤས་རྫོགས། །བདུད་དཔུང་མུན་པ་འཇོམས་པའི་མཐུ་དཔལ་ཅན། །དཔལ་ལྡན་བླ་མའི་དཔལ་གྱིས་སྐྱོང་གྱུར་ཅིག། །ཅེས་པས་ཀྱང་བསྟོད་དོ། །དེ་ནས་མེ་ཕོ་རྟ་ལ་ཚོགས་ཆེན་དཔོན་སློབ་ལ་སྟོད་ནས་རིམ་པར་འདེགས་པ་གནང་ཏེ། སླར་ཡང་རྒྱལ་ཆེན་གླིང་གི་ཕོ་བྲང་ཆེན་པོར། ནང་སོ་དཔོན་ཆོག་པ་སྐུ་མཆེད་དྲུང་སྐོར་བྱིན་བྱིངས། ཡང་ན། སྦྱིན་བདག་དང་བཅས་པས་བསུ་བའི་དཀོད་པ། མི་དབང་ཆེན་མོ་རྡོ་རྗེ་བདེ་མ་དང་དབྱངས་ཅན་དགའ་མ་བྱང་ཆུབ་དཔལ་འཛོམ་ཡུམ་སྲས་པས། མགོན་མེད་ཟས་སྦྱིན་གྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་དང་བས་པ་ལ་གདུགས་ཚོད་བསྟབས་པ་བས་ཀྱང་འགྲན་པར་མི་བཟོད་པའི་བསྙེན་