R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༩བ-༢༦༨
[A:༣༩བ-༢༦༨] མོའི་གདམས་པ། ཐིག་ལེར་ནམ་མཁར་ཁྱེར་ནས་བསྒོམ་པ་རླུང་ཁ་སྦྱོར་གྱི་མན་ངག། རྡོ་རྗེ་གདན་བཞི་ལ་བརྟེན་པ་འཕོ་བའི་མན་ངག་ཁྱད་པར་ཅན་ལ། ༡སྔོན་དུ་སྦྱངས་ནས་འཕོ་ལུགས། ༡དཔལ་ནཱ་རོ་པའི་གནད་ཀྱི་གདམས་པ། ༡མུན་ཁང་དུ་སྒྲོན་མེ་འདེགས་པ་ལྟ་བུའི་ཞལ་གདམས། འཕོ་བའི་ཆ་ལག་འཆི་ལྟས་བརྟག་པ་འཇུག་པ་རྣམས་དང། གདན་བཞིའི་ཁྲིད་ཀྱི་རིམ་པ་ལ། བའི་འོ་མ་ལ་བརྟེན་པའི་མན་ངག བ་ལང་རྨིག་པ་ལ་བརྟེན་པ། ཡི་གེ་གཅིག་ལ་བརྟེན་པ། ༢ཡི་གེ་བཅུ་གསུམ་ལ་བརྟེན་པ། མེ་ལྔའི་སྦྱིན་སྲེག།ཆུ་ཤིང་སྙེ་མའི་མན་ངག་གི་ལས་ཀྱི་རྣམ་གྲངས། དེ་ཁོ་ན་ཉིད་ལྷག་པར་མོས་པའི་རྣལ་འབྱོར། མཆོད་རྟེན་བུམ་པའི་མན་ངག་མཚན་པ་མེད་པའི་རྗོགས་རིམ། དེ་སྦྱང་བའི་མན་ངག། བ་ལང་རྨིག་པའི་མན་ངག་ལ་ཨཿཧཱུཾ་གི་ཡིག་གེ་གཉིས་ལ་བརྟེན་ནས་སེམས་ལས་སུ་རུང་བའི་མན་ངག། སྒོང་སྐྱེས་ཀྱི་ཁྱིམ་གྱི་མན་ངག་ཞེས་ཀྱང་བྱ་བ་ཅིག། སྙིང་ཆུ་ཤིང་གི་མེ་ཏོག་ལྟེ་བ་ནས་ཤེས་སོགས་ཀྱི་གསང་བའི་གནད་ཀྱི་འཕོ་བའི་མན་ངག། གཞན་གྱི་སེམས་ཤེས་པར་བྱ་བའི་མན་ངག། གསང་བའི་གདན་གྱི་མན་ངག་ཅིག། །རབ་ཏུ་བྱེད་པ་ཐ་མ་ནས། །ཡང་དག་ལྟ་བའི་གཟུགས་ཅན་གྱིས། །ཞེས་པའི་དོན། མཆོད་རྟེན་བུམ་པའི་མན་ངག་ཏུ་བསྟན་པ། བ་གླང་