R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༩ན-༢༦༧
[A:༣༩ན-༢༦༧] ༄༅། །གཞན་དུ་མེད་པར་ནོད་པ་ལས། ཐོག་མར་སངས་རྒྱས་ཐོད་པའི་རྒྱུད་ནས་འབྱུང་བའི་ཐུབ་པ་སྤྲུལ་སྐུ་ཡུམ་ཅན་གྱི་དབང། དེའི་རྒྱ་གཞུང་བྲམ་ཟེ་སྒྲ་གཅན་འཛིན་གྱིས་མཛད་པའི་ལུང། བདེ་མཆོག་དཀར་པོ་ཡུམ་གོང་ལོག་གི་དབང། དེའི་རྒྱ་གཞུང་ས་ར་ཧས་མཛད་པའི་ལུང། རྗེ་བཙུན་མར་པའི་ཤོག་དྲིལ་བཞིར་གྲགས་པ་ལས། འཕོ་བ་སྤྱི་བརྡོལ་མ། རྩ་རླུང་དྲ་མིག། བདེ་མཆོག་དཀར་པོ་ལྷན་སྐྱེས་ཀྱི་བྱི་རླབས་དང་ཁྲིད། དེའི་མངོན་རྟོགས། བྱིན་རླབས། ཁྲིད་ཡིག་རྣམས་ངོར་པ་རྡོ་རྗེ་འཆང་གིས་མཛད་པའི་ལུང། རྗེ་བཙུན་མར་པའི་ཤོག་དྲིལ་བཞིན་གྲགས་པ་ལས། འཕོ་བ་སྤྱི་བརྡོལ་མ། རྩ་རླུང་དྲ་མིག་འཁོད། བར་དོ་བློ་ཆོད་ཀྱི་གདམས་པ། ཕྱག་རྒྱ་ཆེན་པོ་ཚིག་བསྡུས་རྣམས་ཀྱི་རྒྱ་གཞུང། དེ་རྣམས་ཀྱི་ཡིག་སྣ་ལ། འཕོ་བ་སྤྱི་བརྡོལ་མའི་ལྷན་ཐབས། རྩ་རླུང་དྲ་མིག་གི་ཞལ་གདམས། ཕྱག་རྒྱ་ཆེན་པོའི་ཞལ་གདམས་འོ་གསལ་ནམ་མཁའ་ལྟ་བུའི་ངོ་སྤྲོད། ཤོག་དྲིལ་བཞིའི་ནང་ནས་ཀྱེའི་རྡོ་རྗེའི་རྫོགས་རིམ་གསང་བ་ངོ་སྤྲོད། སྟོང་ཉིད་ཀྱི་སྤར་ཟིན་གྱི་གདམས་པ་རྒྱས་བསྡུས་གཉིས། གསང་བ་འདུས་པ་ལ་བརྟེན་ནས་རྡོ་རྗེའི་བཟླས་པ། སེམས་ལ་དམིགས་པ། བདག་བྱིན་གྱིས་བརླབས་པ། མངོན་པར་བྱང་ཆུབ་པ། ཟུང་དུ་འཇུག་པ་རྣམས་ཀྱི་རིམ་པ་སྟེ་རིམ་ལྔ་གཏན་ཐོག་ཅིག་ཏུ་ཉམས་སུ་ལེན་པའི་མན་ངག་རྒྱས་བསྡུས་གཉིས། སྒྱུ་མ་ཆེན་མོའི་