R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༠ན-༢༦༩
[A:༤༠ན-༢༦༩] ༄༅། །རྨིག་པའི་གདམས་ངག་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིན་ཕྱེ་བ་ལ་སོགས་པ་ཤོག་དྲིལ་བཞིའི་གདམས་པ་མ་ལུས་པ་དང། ཡང་བདེ་མཆོག་སྙན་རྒྱུད་ཀྱི་ཆོས་སྐོར་ལས་བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་མ། བཅུ་གསུམ་མ། ལྷ་ལྔ་པ་སྟེ་ཡབ་བཀའ་གསུམ་དང། ཕག་མོ་ལྷ་བཅོ་ལྔ། ལྷ་བདུན་མ། ལྷ་ལྔ་མའི་བྱིན་རླབས་ཀྱི་ཡུམ་བཀའ་གསུམ་ཏེ། དཀྱིལ་འཁོར་དྲུག་ཏུ་སྨིན་པར་མཛད་ནས། སྐན་བརྒྱུད་ནོར་བུ་སྐོར་གསུམ་ལས། བརྒྱུད་པ་ཡིད་བཞིན་ནོར་བུ། རྨི་ལམ་ཡིད་བཞིན་ནོར་བུ། གྲོལ་ལམ་ཡིད་བཞིན་ནོར་བུ་སྟེ་ནོར་བུ་སྐོར་གསུམ་གྱི་གདམས་པ་རྣམས་ཡོངས་སུ་རྫོགས་པར་གསན་ཞིང། ཡང་ཆོ་རྗེ་ཁྲོ་ལོའི་མན་ངག་བརྒྱད་སླར་གྲགས་པ་རྒྱས་འབྲིང་བསྡུས་གསུམ་ལས། འབྲིང་པོ་དང་བསྡུས་པ་གཉིས་རྒྱས་པའི་ཁོངས་སུ་གཏོགས་ཤིང། འདི་ཉིད་ལ་ཆོས་ཀྱི་རྣམ་གྲངས་སུམ་བརྒྱ་དྲུག་བཅུ་རྩ་བཞི་ཡོད་པའི་དབང་ལུང་ཁྲིད་ཀྱི་རིམ་པ་རྣམས་རྫོགས་པ་དང། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་དུ་གྲགས་པ་ལས་བཀའ་མའི་སྐོར་ལ། ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས། རྗེ་དམ་པ་སངས་རྒྱས་ཀྱི་གསུང་བྲུལ་། འཁྲུལ་བྲལ་ཚོ་དྲུག་པ། མ་ཅིག་ལབ་སྒྲོན་གྱི་གསུང། བཀའ་ཚོམ་ཆེན་མོ། ཡང་ཚོམས་ཉི་ཤུ་རྩ་ལྔ་པ། ལེ་ལག་བརྒྱད་མ། ཟབ་མོ་སྟན་ཐོག་ཅིག་ཏུ་ཉམས་སུ་བླང་བའི་རིམ་པ། གེགས་སེལ་དམིགས་