R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༦ན-༢༦༡
[A:༣༦ན-༢༦༡] ༄༅། །ཤིང་། ཕྱིས་བསྟན་བཅོས་འདི་ལ་ངེས་པའི་དོན་མཐར་ཐུག་དང་སྦྱར་བའི་ལམ་གྱི་རིམ་པའང་མཛད། དུས་དེ་ཉིད་དུ་བདག་གི་ཆེན་པོ་ས་པཎ་གྱིས་མཛད་པའི་སེམས་བསྐྱེད་ཆེན་མོའི་ཐོག་ནས་ཐེག་པ་ཆེན་པོར་སེམས་བསྐྱེད་པ་སོགས་གསུང་ཆོས་མཐའ་ཡས་པ་གསན། དེ་རྗེས་ཚོགས་ནས་མཁན་ཆེན་རིན་པོ་ཆེ་ཆོས་དབང་པས་གདན་འདྲེན་རྐང་བཙུགས་གནང་བྱུང་བ་བཞིན་ཚོགས་སུ་ཕེབས། མཁན་པོ་དེ་ཉིད་ཀྱིས། ངེད་ལ་བླ་མ་རྒྱུད་པ་རྣམས་ཀྱི་མགུལ་ཁུག་ལས་བྱུང་ཞིང་ཆིག་བརྒྱུད་དུ་མཛད་པ་གསང་བ་ལས་ཀྱང་ཆེས་གསང་བའི་ཆོས་སྐྱོང་ཡང་གསང་བའི་ཆོས་སྐོར་ཞིག་ཡོད་པ་ཁྱེད་ལ་འབུལ་དགོས་པའི་མཚན་ལ་ཡང་ཡང་བྱུང་བས། ཁྱེད་སྤྱན་འདྲེན་པར་བཏང་བ་ཡིན་པས། ནོར་བདག་པོའི་ལག་ཏུ་སྤྲོད་པ་ཡིན་ནོ་གསུང་ཞིང། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྔོན་དུ་འགྲོ་བ་ཕྱག་ན་རྡོ་རྗེ་དྲེགས་པ་སྤྱི་འདུལ་དང། ཆོས་སྐྱོང་དམར་པོའི་རྗེས་སུ་གནང་བ་ཡིག་ཕྲན་ལས་མཐའ་དང་བཅས་པའི་བར་གྱི་ཆོས་སྐོོར་རྣམས་རྫོགས་པར་གནང་བའི་དུས་དེར་གཏོར་མ་ལ་བརྟེན་ཏེ་བཀའ་བསྒོ་བ་ན། ཐུགས་ཉམས་འབར་བའི་ཡང་དག་པའི་སྣང་བ་ལ། བླ་མ་གཤིན་རྗེ་གཤེད་དངོས་སུ་སྣང་བས་བཀའ་བསྒོ་བ་བཞིན་ཆོས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱང་མངོན་སུམ་དུ་གྱུར་ནས་བྲན་དུ་ཁས་ལེན་པའི་ཐུགས་ཉམས་ཁྱད་པར་ཅན་བྱུང། ཏིང་ངེ་འཛིན་ལས་