R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༣བ-༢༥༦
[A:༣༣བ-༢༥༦] སྤྱོད་གཏན་ནས་མེད་རུང་རྐྱེན་དང་བསྲེ་བ་ལས་སློང་བ་ལ་སོགས་པའི་རྩོལ་བ་དོར་བས། མདོར་ན་སྤྱོད་ལམ་འདི་དང་འདི་ཞེས་སྤང་བླང་རེས་འཇོགས་མི་མངའ་བའི་རྣལ་འབྱོར་པ་ཆེན་པོ་ཅིག་ཡོད་པ་གཟིགས་པའི་ཚེ། ཁོ་བོ་ཡང་འདི་ལྟ་བུའི་རྣལ་འབྱོར་པ་བློས་བཏང་ཁྲེལ་བོར་བ་ཅིག་རང་བྱེད་འདོད་པ་ལ་སྔོན་གྱི་སྨོན་ལམ་གྱི་མཐུ་ལས། གཞན་གྱིས་བཅིངས་པའི་དམ་དམ་མོའི་ངང་ལ་མི་ཚེ་སྐྱེལ་དགོས་པ་འདི་རང་མ་སྐྱིད། ད་སྐྱིད་པོ་འདོད་པ་རྣམས་ཁོང་གི་རྣམ་ཐར་འདི་འདྲ་ཞིག་ལ་བློ་རྩེ་གཏོད་དགོས་པ་ཡིན། ད་ལྟ་འཇིག་རྟེན་འདི་ན་འདི་བས་སྐྱིད་པའི་མི་མ་མཐོང་གསུང་གི་ཡོད། དེའི་ཚེ་དགེ་བཤེས་ཟླ་བཟངས་པས། བདག་གི་བཀའ་གང་ཕེབས་བཞིན་ཕྱག་ཕྱི་བགྱིད་ལགས་ཏེ། སྐུ་མདུན་ཉིད་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གནང་དགོས་པ་དང། ཁྱད་པར་གྲ་ཚང་གི་ཐུགས་ཁུར་མི་བཞེས་ཁ་མེད་ཅིག་ཡོད་ལ་ཆེ་ལགས་ཞུས་པས། ད་ངེད་རང་གཉིས་འདི་ནས་ཕྱིར་ལོག་ན་ཁྱེད་ཟེར་བ་བཞིན་སྒྲོག་ཏུ་མི་ཆུད་པའི་ངེས་པ་མེད་པས། འདི་ཀ་ནས་རྒྱལ་ཁམས་ལ་འགྲིམ་པ་ཡིན་མོད་གསུང་ཞིང། ན་བཟའ་ཕྲན་ཚེགས་རྣམས་ལ་བེམ་པོ་རེ་བཅོས། སང་ཐེགས་གནང་ཐེགས་ཡོད་པའི་ཚེ། འབེ་མཁར་ནས་དབོན་པོ་ཤེར་སང་པས། མཁས་པའི་དབང་པོའི་