R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༣ན-༢༥༥
[A:༣༣ན-༢༥༥]ཚོགས་ལ་སྲིད་བཞིན་རབ་ཏུ་ཞི་ལ་མོས། །རི་དྭགས་ལྟ་བུར་འཇིགས་ཤིང་གནས་མེད་རྒྱུ། ། མཁའ་ལ་རླུང་བཞིན་རྙེད་ལ་མ་ཆགས་པ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། ། ཞེས་གསུངས་པ་ལྟར་འཇིག་རྟེན་ལས་འདྲེས་པའི་བྱ་བ་སྣ་ཚོགས་པ་ལ་འཇུག་པ་ནི་སྙིང་པོ་མེད་པ་སྟེ། ད་རང་རེ་གཉིས། སྐྱེས་བུ་དམ་པ་གང་ན་བཞུགས་པ་རྣམས་ལ་འབྲེལ་བ་རེ་ཙམ་འདོགས། ངེས་མེད་ཀྱི་གནས་གང་བཟང་འགྲིམས་ཏེ། ཚེ་འདི་བློས་བཏང་མི་ཁྱུ་ནས་བུད་པའི་ཆོས་ཅིག་རང་བྱེད་པ་ཡིིན་ནོ་གསུང་ཞིང། དེ་མཐུན་དུས་ཕྱིས་བླ་མ་གློ་བོར་གྲགས་པ། དང་པོར་གློ་བོར་ཆོས་སྡེར་རབ་ཏུ་བྱུང་ཞིང་མདོ་སྔགས་ཕྱོགས་གོ་ཙམ་མཛད་དེ། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་རྟོགས་ལྡན་ཚེ་བློས་ཐོངས་ཤིང་དགོས་མེད་རྒྱུད་ལ་སྐྱེས་ངེས་ཤེས་པའི་རྟོགས་ལྡན། གནས་ངེས་མེད་དུར་ཁྲོད། ཤིང་དྲུང་ལུང་སྟོང་བྲག་ཕུག།གནས་གོག། རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང། འདུ་འཚོག་གི་ས། རི་སུལ་སོགས་འདིར་འདུག་དང་འདི་འགྲོའི་རིག་གཏད་མེད། ཟས་མི་རྟ་ཁྱི་གསུམ་སོགས་ཤའི་རིགས་སུ་གྱུར་པ་ཐམས་ཅད་དང་། ཁྱད་པར་ཕུང་པོ་ཟས་འགྲེམས་ཀྱི་དུས་སུ་ཀླད་པ་རྐང་མར་སོགས་ཞིམ་ཞདདང་བཅས་ཏེ་གསོལ། རོ་གོས་མཛེ་སྤྲང་སོགས་གང་བྱུང་གི་གོས་ལ་བེམ་པོ་བཟོས་པའི་བེམ་པོ་ཅིག་དུ་གྱོན། ལོངས་