R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༦ན-༣༦༡
[A:༨༦ན-༣༦༡] ༄༅། །ནས་འདུལ་བ་བདུད་རྩི་ཉིང་ཁུ་སོགས་འདུལ་བའི་བསླབ་བྱ་གཞི་བྱེས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོའི་ལ་གནང། ཞལ་སྔ་ནས། རྗེ་དྲུང་ཞབས་བརྟན་པའི་ཕྱིར་ཚེ་དཔག་མེད་ལྷ་དགུའི་དང། ཕག་མོའི་རྫོགས་རིམ་ཟབ་མོ་རླུང་སོགས་དབྱེར་མེད། ལྷན་ཅིག་སྐྱེས་སྦྱོར། ཕྱག་རྒྱ་ཆེན་པོ་ལྔ་ལྡན། སྦྱོར་བ་ཡན་ལག་དྲུག་གི་ལུང་ཁྲིད། ནཱ་རོ་ཆོས་དྲུག་གི་ལུང་ཁྲིད། ཆོས་རྗེ་རོལ་བའི་རྡོ་རྗེ་ལ་སྒྲོལ་མ་དཀར་མོས་དངོས་སུ་གནང་བའི་ཚེ་ཁྲིད། བདེ་མཆོག་ལཱུ་པའི་དབང་ལྷ་རེ་གཉིས། རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔའི་དབང། མགོན་པོ་བེར་ནག་ཅན་ཡབ་ཡུམ་ཞལ་སྦྱོར་མངོན་སྤྱོད་ལ་བརྟེན་པ། ལྷ་མངས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་རིམ་པའི་དབང་བཞི་བསྡུས་པ་རྣམས་དང། དེའི་ལོ་རྒྱུས་གསལ་བའི་སྒྲོན་མེ། ནག་པོ་ཆེན་པའི་སྨིན་བྱེད་དབང་གི་ཆོ་ག། མགོན་པོ་ལྕགས་པར་མའི་བསྙེན་སྒྲུབ་ལས་སྦྱོར་ཌོམྦི་ཧེ་རུ་ཀས་མཛད་པ། དཔལ་མགོན་པོའི་བདག་སྒོམ་དང་བསྙེན་པའི་མན་ངག། མ་མགོན་ཞལ་སྦྱོར་དུ་སྒྲུབ་པའི་ཐབས་ཀརྨ་པཀྴིས་མཛད་པ་སོགས་ཀྱི་ལུང་མཐའ་དག་གསན། དེ་དུས་དགེ་འདུན་བྱིན་གྱིས་ཟླ་བ་བྱུང་ངོ་ཅོག་གི་གསོ་སྦྱོང་རྣམས་ལ་ཁྱམས་ཁྲོ་ཆེན་མོར་ཕེབས་ཤིང། དེ་མཐུན། ཞལ་སྔ་ནས་ཀྱི་དྲུང་དུ་གསུང་ཆོས་ཞུ་བ་སོགས་བསྟན་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་