R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༦བ-༣༦༢
[A:༨༦བ-༣༦༢] རྣམ་པར་ཐར་པར་གྱུར། བཀའ་ལས། རྗེ་འདི་ཉིད་ལ་རང་ལུགས་ཀྱི་ཆོ་ག་དང་མཐུན་པའི་གཞི་གསུམ་གྱི་ཆོ་ག་དང། དེ་དག་ནམ་གྱི་ཚེ་བྱ་བའི་དུས་ཚེས་ཀྱི་ངེས་པའི་ཕུགས་རྩོམ་གནང་དགོས་ཤེས་ཞེས་བཀས་བསྐུལ་བ་ན། དེ་ཇི་ལྟ་བ་བཞིན་གྱི་ཐུགས་རྩོམ་ལེགས་པར་གནང་ནའང། ཐམས་ཅད་མཁྱེན་པའི་བཀའ་ཡིན་པས་ཅོག་པར་མ་སྤོབས་པ་ཡིན། གཞན་ལ་སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ་དང་བླ་མ་གོང་མ་རྣམས་ཀྱི་གསུང་ལ་གཅེས་སྤྲས་སུ་བྱས་ན་བསོད་ནམས་ཐོབ་པ་ཡིན་མོད། སོ་སོ་སྐྱེ་བོ་ཐལ་མལ་པས་ཡིད་འཇོག་མང་པོ་བྱེད་པ་བསྟན་པ་དཀྲུག་པའི་རྒྱུར་འགྲོ་ཞེས་ཐུགས་འབྱུང་བ་ལྟར་མཛད། དབྱར་ཟླ་བ་གསུམ་ཡོངས་སུ་རྫོགས་པར་ཞལ་གྱི་བཞེས་པའི་མཐར། དགག་དབྱེ་སོགས་ལེགས་པར་གནང་བའི་རྙེད་པའི་དགའ་སྟོན་གྱི་དུས། དེ་བཞིན་གཤེགས་པའི་ཚེམས་ཀྱིས་ཐོག་དྲངས་ངོ་མཚར་བའི་རྟེན་གསུམ་རྣམས་དང། དུས་དེ་ཉིད་དུ་ཕུལ་བའི་སྟོན་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས་་པའི་བསིསང་སོགས་ཀྱི་ན་བཟར། ཁ་ཐགས་ཏ་ཧཱུཾ་མ་གསེར་མ་འཁོར་ལོ་མ་འདོམ་གང་ལྷག་པ་ཅིག་དང། དེང་ཕོན་གྱི་བླ་རོ། གུ་གུ་ཤའི་མཎྜལ། ཏིང་བདུན་ཆ། དངུལ་ཀོང། དུང་དར་སོགས་མཆོད་པའི་ཡོ་བྱད་མཁོ་དགུ་ཚང་བ། རྗེ་དྲུང་དུའང་འབུལ་ནོད་དཔངས་བསྟོད་