R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༥བ-༣༦༠
[A:༨༥བ-༣༦༠] སྩལ་བ་བཞིན། རྣམ་རྒྱལ་དུ་སྐོར་གཡེང་དམིགས་བསེད་གནང་དུས། མི་དབང་ཆེན་པོས་ཞབས་འདེགས་དུས་ནམ་གྱི་ཚེ་ཞུས་ཀྱང་ཆོག་པས། ད་རེས། རྗེ་ཐམས་ཅད་མཁྱེན་པ་ཡུལ་གཉན་པའི་བཀའ་བཀོད་ཇི་ལྟར་ཕེབས་པ་ལས་མ་གཡོས་པ་དང། དེར་ཡང་དགེ་འདུན་གྱི་སྡེ་ཞིག་གི་ཞབས་ཏོག་བྱེད་པ་གལ་ཆེ་ཞིང། ཕག་ལོའི་དབྱར་ཆོས་ལ་སྟེང་འོག་མེད་པར་ཕེབས་པའི་སྙན་འདེབས་ཀྱང་བགྱིས་ཕེབས། དེ་ནས་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་བཏེག། རིམ་པས་དོལ་མདའ་སྐྱིད་ཤོངས་སོགས་རྒྱུད་དེ། ཚེས་བཅུ་གསུམ་ལ་བདེ་ཆེན་ཡངས་པ་ཅན་གྱི་སྟག་མགོར་སྒར་པའི་དཔོན་ཆེ་ཆུང་རྣམས་ཀྱི་སྐྱ་ཧྲགས་ཀྱི་བསུ་བ་བསུ་ཇ་དང་བཅས་པ་གནང། དགེ་འདུན་བྱིན་རྩེ་ལྡིང་རྙིང་མར་ཐེགས། ཟམ་སྣ་ན་ཁར་གཟིམས་གུར་སོགས་བཀོད་པ་བསམ་ལས་འདས་པ་བཤམས་ཏེ། ཐམས་ཅད་མཁྱེན་པ་ཕེབས་པའི་བསུ་བ་དང་དགྱེས་སྤྲོ་གྱ་ནོམ་པ་ཞུ་བ་གནང། ཚེས་བཅོ་ལྔ་ལ་ཡངས་པ་ཅན་གྱི་ཀུན་དགའ་ར་བར་ཚུལ་ཞུགས་ཡང་དག་པ་དང། བཅུ་དྲུག་ལ་དབྱར་སྔ་མ་ཞལ་གྱིས་བཞེས། དབྱར་ཟླ་གསུམ་གྱི་བར་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོས་མཆོད་ཅིང། དེའི་ཚེ་ཞལ་སྔ་ནས་ཀྱིས། རྗེ་ཉིད་ཀྱི་དྲུང་དུ་ས་སྡེ་ལྔ་ལ་སོགས་པའི་ལུང་གསན། དེར་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ཀྱི་བཞུགས་ཁྲི་ལ་ཞིག་གསོས་གནང་བའི་ཁྲི་ཐོག་