R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༢ན-༣༥༣
[A:༨༢ན-༣༥༣] ༄༅། །ཐུགས་ཚོམ་མེ་བར་གྱུར། དེ་ཉིན་ཚོགས་སྡེ་དང། ར་བ་སྨད་པའི་སྤྱི་བསོད་པ་རྣམས་ལ་ཞབས་ཏོག་གྱ་ནོམ་པའི་ཐོག་ཏུ་གསེར་ཞོ་ཕྱེད་རེའི་འགྱེད་དང། མཁས་གྲུབ་བསྟན་གསལ་བའི་སྐུ་ལ་ན་བཟའ་དང་བཅས་པ་གནང། དེ་ནས་འཚོ་བྱེད་དཔལ་སེང་པས་ཞུས་ཏེ། ཀླུ་ཁང་གི་ནང་སྐོར་ལ་ཞབས་འཆག་ཉེར་གཅིག་རེ་གནང་བ་ཞུས། སྐབས་དེར་སྐུ་ལ་བསོ་བའི་བཞུགས་གདན་ལ་བཞུགས་པའི་ཚེ། བཀའ་ལས་འཆི་བ་སྐྱེ་བོ་ཀུན་གྱི་ཆོས་ཉིད་ཡིནཀྱང། འཚོ་བྱེད་དང་ནད་གཡོག་གི་ཁ་ལ་མ་ཉན་པར་བཅོས་ལོག་ནས་ཤམ་ཟེར་བའི་གཏམ་མི་འདོད་པས། འཚོ་བྱེད་རང་གང་ཟེར་བྱེད་ཕེབས། ཉེར་གཉིས་ཀྱི་བར་ཆབ་སྐྱེ་བ་མ་གཏོགས་འབྲི་བའི་རྣམ་པའང་མ་བྱུང། དེའི་ཞོགས་འབེ་མཁར་ལ་མང་ཇ་འགྱེད་བཅས། སྐུ་འདྲ་རིན་པོ་ཆེ་ན་བཟའ་དང་བཅས་པ་རྫོངས་ཕེབས་པ་བཞིན། དཔོན་སློབ་དཔལ་ལྡན་པ་བཏང། ཉེར་གསུམ་ལ་མཁས་གྲུབ་ཆེན་པོའི་དུས་མཆོད་ཐོག་སྐུ་རིམ་སྒྲུབས་པས། དེ་ནུབ་ཆབ་བོངས་མཚན་གྱི་ཆ་སད་པད་མགུ་གསུམ་དང། ལི། མི་འགག་གང་བྱུང་། ཉེར་བཞི་ནས་ཉིན་གྱི་ཆབ་མ་བསགས་ཤིང། མཚན་མོ་འཚག་ལྷེམ་ཏེ། སད་འགུ་རེ། ལི་། མི་འགག་རེ་རྣམས་བྱུང། ཉེར་བརྒྱད་ནས། འཚོ་བྱེད་པས་གསོལ་བ་གསོལ་ཇའི་ཆབ་ཚོད་གང་སོང་དང། ཉིན་