R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༦བ-༣༤༢
[A:༧༦བ-༣༤༢] གཉིས་ལས་ཕྱུང་བ། འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ། བ་པ་ལ། བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བའི་རྒྱུད། ཕྱིར་ཟློག་སྟོབས་ཆེན་ཞེས་བྱ་བའི་གཟུངས། འབྲུམ་ནད་རབ་ཏུ་ཞི་བ། གཞང་འབྲུམ་རབ་ཏུ་ཞི་བ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་རྣམས་ཀྱི་གཟུངས། རི་ཁྲོད་ལོ་མ་གྱོན་མའི་གཟུངས་གཉིས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ། སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ། གདུགས་དཀར་ཕྱིར་བཟློག་ཆེན་མོ་མཆོག་ཏུ་གྲུབ་པའི་གཟུངས། དེ་བཞིན་གཤེགས་པའི་ཙུག་གཏོར་ནས་བྱུང་བ་གཞན་གྱིས་མི་ཐུབ་པའི་གཟུངས། གཙུག་ཏོར་ཆུང་བ་ལྷ་ཡུལ་མར་གྲགས་པ། གཙུག་གཏོར་དྲི་མེད་ཀྱི་གཟུངས། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པ། པ་ལ། ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ་དང། དེའི་གཟུངས་སོགས་རྣམ་གྲངས་མང་བ། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ། འཆི་མེད་རྔ་སྒྲའི་གཟུངས་སོགས་དང། སྤྱན་རས་གཟིགས་ཀྱི་རྩ་བའི་རྒྱུད་ཀྱི་རྒྱལ་་པོ་པད་མ་དྲ་བ་ལེའུ་བཅུ་གཉིས་པ། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་སོགས། བ་པ་ལ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཀྱི་ཆོ་ག། སྤྱན་རས་གཟིགས་དབང་གསང་བའི་མཛོད་ཐོག་པ་མེད་པ་ཡིད་བཞིན་འཁོར་ལོའི་སྙིང་པོ་ཡི་གེ་དྲུག་པ། ཐུགས་རྗེ་ཆེན་པོ་