R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༦ན-༣༤༡
[A:༧༦ན-༣༤༡] ༄༅། །ཚུལ་བརྒྱ་ལྔ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས གསང་བའི་རྒྱན་གྱི་བཀོད་པའི་རྒྱུད། དེ་ནས་སྤྱོད་རྒྱུད་ལ། རྣམ་སྣང་མངོན་བྱང་གི་རྒྱུད། རྩ་བའི་རྒྱུད་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག། རྒྱུད་ཕྱི་མ་གསང་བའི་མཆོག་གི་རིམ་པར་ཕྱེ་བ་བདུན། ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྟོབས་དཔག་ཏུ་མེད་པ་འདུལ་བར་གསུང་པའི་རྒྱུད། ད་པ་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ་ལེའུ་ལྔ་པ། ལག་ན་རྡོ་རྗེ་གོས་བུ་ཅན་འཇིག་རྟེན་གསུམ་འདུལ་ལེའུ་ལྔ་པ། བྱ་རྒྱུད་ལ། དམ་ཚིག་གསུམ་བཀོད་པ་རྒྱལ་པོའི་རྒྱུད། འཇམ་དཔལ་གྱི་རྩ་བའི་རྒྱུད། རྟོག་པ་སུམ་བཅུ་རྩ་དྲུག་པའི་དྲུག། ན་པ་ལ། དཔའ་བོ་གཅིག་གྲུབ་ཀྱི་རྒྱུདལེའུ་བཞི་པ། འཇམ་དཔལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཇམ་དཔལ་གྱི་ཞལ་ནས་གསུངས་ཤེས་བྱ་བའི་ཕན་ཡོན་དང་བཅས་པ། འཇམ་དཔལ་གྱིས་སྨོད་བཙུགས་པ། འཇམ་དཔལ་གྱིས་དམ་བཅས་པ། འཇམ་དཔལ་གྱི་མཚན་ཞེས་བྱ་བ་ཤེས་རབ་བློ་འཕེལ་དང། ཡི་གེ་འབྲུ་གཅིག་པ་ཞེས་བྱ་བ་རྣམས་ཀྱི་གཟུངས། སྟོང་ཆེན་རབ་ཏུ་འཇོམས་པའི་གཟུངས། རིམ་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་། རིག་སྔགས་ཀྱི་རྒྱལ་མོ་སོ་སོར་འབྲང་མ། བསིལ་བ་ཚལ། གསང་སྔགས་རྗེས་འཛིན། འཕགས་མ་འོད་ཟེར་ཅན་གྱི་གཟུངས། དེའི་དཀྱིར་འཁོར་གྱི་ཆོ་ག། འོད་ཟེར་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་