R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༥བ-༣༤༠
[A:༧༥བ-༣༤༠] འཕྲུལ་དྲ་བའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད། འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ། དེའི་རྒྱུད་རྟོག་པ་གསུམ་པ། གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་རྒྱུད། གཤིན་རྗེ་གཤེད་དམར་པོའི་རྒྱུད། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་རྟོག་པ་བཞི་པ། ཉ་པ་ལ། རལ་པ་གཅིག་པ་བརྟག་པའི་རྒྱུད། ཟླ་གསང་ཐིག་ལེ། གསང་བའི་རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅདཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་རྩ་བའི་རྒྱུད་དུམ་བུ་བཞི་པ། རྒྱུད་ཕྱི་མ། ཕྱི་མའི་རྒྱུད། རྒྱུད་ཉེ་བར་བསྡུས་པ་དང་བཅས་པ། ཏ་པ་ལ། ཐམས་ཅད་གསང་བའི་རྒྱུད། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་རྩ་་བའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་སྙིང་པོའི་གཟུངས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ། ཡང་དེ་ཉིད་ཀྱི་བརྟག་པ་ཕྱོགས་གཅིག་པ། རབ་གནས་མདོར་བསྡུས་ཀྱི་རྒྱུད། དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་ཆ་ལག་དང་བཅས་པ། ཐ་པ་ལ། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་