R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༢བ-༣༣༤
[A:༧༢བ-༣༣༤] སྐུ་ཁྱོས་ཀྱི་རྣམ་པ་སྤྱི་གཟིམས་ཁང་ནས་འབུལ་ནོད་དངོས་གཙང་ཞིང་ལྟོས་ཆེ་བ་མཛད། གཞི་ལེན་དཀར་སྟོན་ལ་ཞུན་ཐུད་དང། ཐུར་ཐུད་ཀྱིས་གཙོས་པ་ཐུད་རྣམ་གྲངས་བདུན་མ་དགེ་འདུན་རེའི་ཕྱག་ཏུ་ཐུད་ཁལ་གསུམ་རེ་ལག་ཡོད། ཟས་སྣ་བཞེས་སྤྲོ་དང་བཅས་པས་ཉིས་ཆ། གཞན་ཡང་བཞེས་སྤྲོའི་རིགས་མ་ཚང་བ་མེད་པས་མཆོད། ཚ་རྟིང་མའི་ཐོག་ཏུ་དགེ་འདུན་རེ་ལ། སྲིན་བལ་གྱི་ཕྲེང་བ་ཚར་དུ་དངར་བ་ལྟ་བུའི་ན་བཟའ་བྱུང་འཇམ་པོ་རེ་དང། མཁན་པོ་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ་ན་བཟའ་སྐོར་ཆ་ཚང་གིས་ཐོག་གྲངས་པའི་འབུལ་དཔངས་མཐོ་བ་གནང། སང་ཉིན་དཔལ་འབྱོར་རབ་བརྟན་ནས་དཀར་སྟོན་ཞུས། ཚ་རྟིང་མ་གྲོལ་རྗེས་རྒྱལ་ཆེན་གླིང་དུ་ཕེབས། དེ་ནས་ཡུན་མི་རིང་བ་ན། ཕོ་བྲང་ཆེན་པོ་ལྷུན་གྲུབ་གླིང་དུ་སྤྲན་དྲངས་པའི་སུམ་ཞག་གི་ཞབས་ཏོག་ཕུན་སུམ་ཚོགས་ཤིང། གྲལ་འགྱེད་ཀྱི་དངོས་པོ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་གནང། སྤྱི་གཟིམས་ཁང་ནས་ཀྱང་སྐུ་ཁྱོས་ཀྱི་རིམ་པ་ལྟོས་ཆེ་བ་ཕུལ། ཚོགས་པ་བྱེ་རྫིང་བས་ཀྱང་གཞི་ལེན་ལེགས་པར་ཞུས། བརྡབ་ལན་ཀྱང་འཕྲལ་དུ་གནང་བས་དགྱེས་པ་དང་ལྡན་པར་གྱུར། སླར་ཕྱིར་ཕེབས། སྡེ་པ་རྒྱལ་བུའི་དྲུང་ལོ་བཞིའི་བར་དུ་གཞིས་ཁ་རྒྱལ་ཆེན་གླིང་དེ་ཉིད་དུ་སྐྱེ་སྲིངས་ཏེ། ཆུ་མོ་བྱའི་ལོ་ཟླ་བ་བཅུ་པའི་གཟའ་སྐར་དུས་སྦྱོར་