R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༢ན-༣༣༣
[A:༧༢ན-༣༣༣] ༄༅། །པ་གནང་གྲུབ་རྗེས། རྗེ་དྲུང་སྤྱན་དྲངས་ཏེ་ཡུམ་སྲས་གཉིས་ཀྱི་ཚེ་དབང་གི་འཕྲོ་གསན། དེ་ནས་ཀྱང་བར་ཆད་སྲུང་ཞིང་སྐུ་ཚེ་སྤེལ་བའི་དབང་རྗེས་གནང་སོགས་གསན། དགུང་ལོ་གཅིག་ཙམ་ལོན་པའི་ཚེ། སྐུ་རྩེད་ཀྱི་ཚུལ་དུ་སྔོན་གྱི་བག་ཆགས་བཟང་པོས་རྡོར་དྲིལ་ལ་དགྱེས་པས། གོ་ལོག་སྟེ་བཏད་པ་ནའང་སྐུ་དཔང་དུ་བཞག་ནས་མ་ནོར་འཛིན་པ་སོགས་ཀྱི་ཀུན་སྤྱོད་ངོ་མཚར་བས། བག་ཆགས་སད་པའི་སྐྱེས་བུ་ཞིག་ཡིན་འདུག་གསུང། དུས་དེར་ཞ་ལུ་རིན་པོ་ཆེ་ལོ་ཆེན་ཆོས་སྐྱོང་བཟང་པོའི་ཞལ་སྔར་མཚན་ཞུས་ཏེ། རིན་ཆེན་ཀུན་དགའ་ཆོས་སྐྱོང་གྲགས་པ་རྣམ་རྒྱལ་དཔལ་བཟང་པོར་གསོལ། དེ་དུས་ཚོགས་པ་རྣམས་ཕེབས་པའི་སྐུ་ཁྱོས་ཀྱི་རྣམ་པར་རྒྱལ་བུ་འདི་འཁྲུངས་པ་མཆོད་ཡོན་དམ་ཚིག་གཙང་བའི་ལེགས་ཚོགས་སུ་འདུག་ཅེས་རྗེ་འབངས་ཐམས་ཅད་ཀྱང་སྙན་པའི་དབྱངས་བསྒྲགས་སོ། །དུས་དེར་སྨན་ལྗིག་ནས་ཀུན་སྤངས་སོགས་དཔའ་ཆེན་པོའི་ཞལ་ལྔསྔ་་ནས་ཚོགས་པ་དཔོན་སློབ་བྱང་ནུབ་ཕེབས་པའི་དགྱེས་སྟོན། དཔལ་འབྱོར་རབ་བརྟན་དུ་གདན་འདྲེན་ཞུ་བ་གནང་བའི་བཞུགས་གྲལ་བདེ་ཡངས་སུ། མཁན་ཆེན་རིན་པོ་ཆེའི་བཞུགས་སྟན། སྤྱན་སྔ་རིན་པོ་ཆེའི་སོར་བཞག་ཇི་ལྟ་བ་དང། ཞལ་ངོ་རྣམས་ཀྱིས་ཡར་ཁྱུ་ལ་བཞུགས་གདན་གནང་བའི་ཐོག། ཀུན་སྤངས་རིན་པོ་ཆེའི་དྲུང་དུ་