R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༩ན-༣༢༧
[A:༦༩ན-༣༢༧] ༄༅། །གེའང་སངས་པས་ཀུན་ངོ་མཚར་བའི་གནས་སུ་གྱུར་ཏོ། །དུས་དེར་ཡར་རྒྱབ་ནས་སྟོབས་ཀྱི་འཁོར་ལོ་སྒྱུར་རྒྱལ་མི་དབང་རིན་ཆེན་བཀྲ་ཤིས་པས་འབྲུག་ལོའི་སྨོན་ལམ་ཆེན་མོ་དབྱར་ཆོས་དང་བཅས་པ་ལ་སྟེང་ཤོད་མེད་པའི་ཕེབས་བཞུགས་བཀའ་དྲིན་ཆེ་དགོས། བཤེས་པའི་སྤྱན་འདྲེན་དུ་རྟ་མགོ་བ་བློ་གྲོས་ཆོས་སྐྱོང་ཟུང་སྦྲེལ་གནང་བ་པོ་ཏ་ལར་བྱོན། དེའི་ཚེ་ཡར་རྒྱབ་པའི་གདན་འདྲེན་འདིས། རྒན་པོའི་རེ་བ་ཐམས་ཅད་ཡོངས་སུ་གང་བ་ཡིིན། ཁྱེད་རང་ཡོན་མཆོད་དར་ཅིག་འདི་ཀར་བཞུགས། ངེད་དཔོན་སློབ་ཀྱིས་ཆུ་ཤུལ་དུ་ཁྱེད་ཡོན་མཆོད་བྱོན་པའི་དོན་འབྲས། མི་དབང་ཆེན་པོའི་དྲུང་དུ་དགོངས་ལེན་དང། མཇལ་བ་ཙམ་ལ་ཕྱིན་ཏེ། ཕྱིར་འཁོར་མ་ཐག་ཞུ་ལན་འབུལ་འཁོས་བྱེད་དགོས་པ་འདུག་བཀའ་ཕེབས། དེ་ནས་དཔོན་སློབ་ཉུང་ཧྲགས་ཅིག་ཆུ་ཤུལ་དུ་ཐེགས་པའི། མཆོད་ཡོན་མཇལ་འཛོམས་དགྱེས་སྤྲོ་ལྡན་པའི་ངང་དེ་ཉིད་ནས། མིའི་དབང་པོར་ཞུས་པ ། ངེད་ལ་མཆོད་ཡུལ་རྣམ་པར་དག་པ་འདི་ལྟ་བུ་ཞིག་དགོས་པའི་འདུན་པ་ཡོད་ནའང། ཡར་རྒྱབ་ནས་གདན་འདྲེན་བྱུང་ཕྱིན། མཆོད་ཡོན་བྱིན་དུ་གང་ས་ནས་ལེགས་ཆེ་བ་ཞིག་ཡོང་བས། ད་རེས་ཐེགས་བཞུགས་ཀྱི་བར་ཆད་མི་བྱེད་པར་ཐེགས་པ་ཅི་ནས་ཀྱང་ལེགས་པ་ཡིན། གདན་འདྲེན་མ་བྱུང་ན་