R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༧ན-༣༢༣
[A:༦༧ན-༣༢༣] ༄༅། །ཡོན། ཁབ་སྐོར་དུ་མཇལ་འཛོམ་གནང་བའི་བཀའ་གྲོས་གྲོལ་རྗེས། ཞབས་དྲུང་རིན་པོ་ཆེ་ཆིབས་ཐོག་ཏུ་ཕེབས་པ་དང་ལྷན་ཅིག། བཙོན་རྣམས་ཀྱང་མི་རོ་གཉིད་པའི་ཚུལ་དུ་འདོན་པ་གནང། རྩྭ་གྲི་བརྔས་མགོར་གཞག་པའི་མི་ངན་འདི་ཚོ་ལ་སྐེ་རྩྭ་གྲིས་གཏུབ་པ་ལས་འོས་མི་འདུག་རུང། ད་རེས་རྗེ་རིན་པོ་ཆེའི་བཀའ་ནན་གྱིས་ཕེབས་པས་གཏོང་བ་བྱེད་ཞུས། བཙོན་རྣམས་ཀྱང་ཉེ་རིགས་སོ་སོས་ཁུར་ཏེ་རང་རང་གི་གནས་སུ་བསྐྱལ་ཏེ་སྲོག་གི་འཇིགས་པ་ལས་ཐར་བར་སྣང་ངོ་། །དེ་ནས་རིམ་པས་ཚར་ས་སྣང། ལྗངས་རབ་བརྟན་རྩེ། སྙེ་ཐང་སྐུ་འབུམ་རྣམས་སུ་ཞག་པ་གནང། བཟང་གྲོང་ཚུགས་ལས་རྒྱུད་དེ་གཞིས་ཁ་སྣེའུར་ཕེབས། དཔོན་དྲུང་དགོན་པ་བས། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མགོན་མེད་ཟས་སྦྱིན་གྱིས་བསྙེན་ཅིང་བཀུར་བ་ལྟར་གཟེངས་བསྟོད་པ་མཛད། ཡུན་མི་རིང་བར་དཔོན་བློན་དྲུང་ཀྱང་གཞིས་ཁར་ཕེབས་པའི་བསུ་བ་ལ། ཚོགས་པས་ཀྱང་ཕྱག་ཁྱེར་སོགས་ཤིན་ཏུ་བཟབས་པ་མཛད། དེ་མ་ཐག་ཚོགས་པ་ལ་དཔོན་དུ་བཀྲས་པས་ཐུང་ཆུ་བཟང་བའི་ལྷ་སྲང་གི་ཁལ་གཅིག་བཏབ་པའི་མང་ཇ་དང། སང་ཉིན་མི་དབང་ཆེན་པོའི་བཀའ་ལས། གཡུང་བཀྲས་ཀྱི་དེ་ལ་ཇི་ཙམ་བཏབ་ཕེབས། ཁལ་གཅིག་བཏབ་ཞུས་པས་