R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༦བ-༣༢༢
[A:༦༦བ-༣༢༢] གཉེར་དཔོན་རྒྱལ་བས་དེབ་འབུལ་བར་བྱོན། དེ་ཐོག་ནས་ཞབས་ཏོག་གི་ཁྲ་གནང་བས། ཞབས་ཏོག་བཟང་དུ་སོང། ཡར་རྒྱབ་ནས་འདི་ཡང་ཆོས་ཀྱི་རྒྱལ་པོ་དགེ་བའི་བྱ་བ་རླབས་པོ་ཆེ་སྒྲུབ་པ་ལ་གོམས་པ་རང་དབང་དུ་གྱུར་པ་ཞིག་ཡིན་འདུག ངེད་རང་ལ་མངའ་འབངས་ཇི་ཙམ་ཡོད་རུང། དགེ་འདུན་གྱི་སྡེ་མང་པོའི་ཞབས་ཏོག་གཡོ་འདྲེན་ལྟར་ཆགས་སུ་དེ་ཙམ་འགྲུབ་པ་དཀའ་བའི་གནས་སུ་འདུག་གསུང་བ་ཕེབས། ཇེ་ཞིག་ན། ཕག་གདོང་ཆོས་སྡེ་བ་རྣམས་ལ། མི་དབང་ཆེན་པོའི་བཀའ་བཀྱོན་བབས་ལྕི་བ་བྱུང་བ་ནས། ཚོགས་པའི་བཞུག་གནས་སུ་ཐར་བ་རྣམས་རྟིང་པོར་ཞུ་རྟེན་ཕྲན་བུ་ཙམ་མ་གཏོགས་ཉེས་མེད་དང། ལམ་ལོག་པའི་གང་ཟག་ཁྲིམས་རར་ཆུག་པ་རྣམས་ལ་ཉིན་རེ་བཞིན་ཁྲིམས་རྒྱུག་གིས་བསྣུན་པ་ལ། ཚོགས་པའི་ཆེ་སྒྲོས་རྣམས་ཀྱིས་སྐུ་ངོ་ལ་ཐེགས་དུས། ཞག་ཤས་རེ་ཁྲིམས་རྒྱུག་གཤོལ་ཞིང། སླར་ཡང་ཁྲིམས་བསྒྲག་པ་སོགས་ལ། ཆོས་ཀྱི་རྒྱལ་པོ་རང་ཕེབས་པའི་བཀའ་བབས་ལྕི་བ་རང་བྱུང་་བ་ལ། རྗེ་ཉིད་ཀྱིས་ཞུས་སྣང་དྲག་ཏུ་སྣང་བས། རེ་ཤིག་ནས་རྒྱུག་བརྡུང་པ་གཤོལ་བའི་ཟོས་བདེར་བཞག། དེ་རྗེས་ཚོགས་པ་དཔོན་སློབ་གཞིས་ཁ་སྣེའུར་བཀའ་བཀོད་བཞིན་བཏེག། རྗེ་དཔོན་སློབ་ཐོགས་ཤིག་དང་མཆོད་