R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༦ན-༣༢༡
[A:༦༦ན-༣༢༡] ༄༅། །དུ་སྤྱིགཟིམས་ཁང་ནས། ཁ་བཏགས་ཉིན་མོ་བདེ་ལེགས། ཁྲོམ་གོས་རྟ་ཧཱུཾ་གསེར་རྒྱན་མ། གླང་པོ་ཆེའི་མཆེ་བ། ཀརྨ་གན་དཀར། དངུལ་བླུག། ཀོ་ཅན་རྣ་བ་ཅན། གོས་ཕྱི་ནང་སོགས་དང། ཆོས་རྗེ་རིན་པོ་ཆེ་བསོད་ནམས་འབྱུང་གནས་པའི་དྲུང་དུ། རིན་པོ་ཆེའི་བདར་བུ་བ་སྡོར་གྱི་ཚ་གསེར་མ་ཁྲུ་གང་བས་གཙོས་པའི་འབུལ་བའི་རྣམ་གྲངས་བསམ་ལས་འདས་པའི་ནམ་མཁའ་མཛོད་ལ་མངའ་བརྙེས་པ་ལྟ་བུའི་ཞལ་ངོ་སོ་སོར་འབུལ་དཔངས་མཐོ་ལ་གནང་བའི་དུས། མི་དབང་ཆེན་པོ་རིན་ཆེན་བཀྲ་ཤིས་པས་རྒྱལ་ཆེན་གླིང་དུ་སྔ་གོང་ལྟར་ཞབས་འདེགས་འཁོར་མར་མཛད་པའི་ཞལ་བཞེས་ཀྱང་ཕུལ་ཏེ། ཕྱིར་ཕེབས་ནས་གཞིས་ཁ་རིན་སྤུངས་པའི་སྐུ་རིམ་སྒྲུབ་དགོས། མཚན་བརྗོད། སྒྲོལ་མ། རྣམ་རྒྱལ། རྣམ་འཇོམས། ཤེར་སྙིང་སོགས་འབུམ་གཏེར་རྣམ་གྲངས་མང་བ་གནང། དེར་ས་སྐྱོང་ཆེན་པོའི་དགོངས་པ་ལ། ད་ལོ་ཐོག་མར་སྐྱིད་ཞོད་ལ་མཆོད་ཡོན་ལྷན་དུ་ཐེགས་དགོས་པ་འདུག་ཅིང། དེ་ནས་ཀྱང་ཡར་རྒྱབ་ནས་གདན་འདྲེན་རེ་ཤིག་མ་བྱུང་ན། ཞབས་ཏོག་ཀྱང་ཡུན་བསྲིང་དགོས་པས། ཡར་རྒྱབ་ནས་ཀྱི་ཞབས་ཏོག་གི་དེབས་འབྲིང་པོ་ཞིག་ལ་ཆ་བཞག་དགོས་འདུག་པས། སྒོག་མཁར་བས་དོ་དམ་བྱས་པའི་ཡར་རྒྱབ་དུ་ལེན་མི་ཐོང་བཀའ་ཕེབས་པ་བཞིན་བང་ཆེན་གནང། རྒྱལ་ཆེན་གླིང་ནས་མགྲོན་