R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༥བ-༣༢༠
[A:༦༥བ-༣༢༠] ལྷུན་བཀྲས་པ། ཆུ་འདུས་དབོན་པོ་བ། ངེད་རང་སོགས་ཟན་ཧྲིལ་སྒྲིལ་པའི་དུས་སུ་རྨི་ལམ་ལ། རབ་གསལ་ཆེན་མོ་འདིར་བྲུམ་རྩེ་དམར་ལིང་ཆེན་པོ་གཉིས་བཏིང་བའི་ཐོག་མ་དེར་ཁོ་བོ་སྡོད་བསམས་ལ། གོང་དཀར་ནས་ནང་སོ་ལྷ་དབང་ཀུན་དགའ་མགྲོན་གཉེར་ཚུལ་དུ་ཕེབས་ཏེ། ད་རེས་བྲུམ་ཙེ་འོག་མ་འདིར་བཞུགས། གོང་མར་རྫོང་དཀར་དབུ་མཛད་པ་ཕེབས་རྒྱུ་ཡིིན། དེར་རྗེས་སྐུ་མདུན་ཉིད་ཕེབས་རྒྱུ་ཡིན་གསུང་བ་རྨིས་པས། ད་ལན་ངེད་རང་ལ་ཟན་ཧྲིལ་མི་འབེབས་པ་འདུག། འོན་ཀྱང་དྲུང་ཡོན་རྒྱམ་པ་ལ་ཟན་ཧྲིལ་བབས་པའི་གདན་ས་དང། དེ་རྗེས་བདག་ལའང་ཚོགས་ཀྱི་ཁུར་འཁུར་དགོས་པ་ཅིག་འོང་བ་འདྲ་སྙམ་པ་ཤར། ད་ནི་མི་དབང་ཆེན་པོས་ཚོགས་པ་རྣམས་ལ་ཞབས་ཏོག་མཛད་པའི་ལུང་བསྟན་དུའང་འདུག་ཕེབས། དེ་ནས་ཞལ་སྔ་ནས་དཔོན་སློབ་བཅུ་ལྷག་ཡར་རྒྱབ་ཏུ་ཕེབས། ཞལ་ངོ་རྣམས་དང་རིམ་གྱིས་མཇལ། ས་སྐྱོང་རིན་ཆེན་རྣམ་རྒྱལ་དབང་པོའི་སྡེར་འབུལ་བ་གཟིམས་ཁང་ནས་གཙོ་བོར་ཐུགས་ཁུར་བཞེས། དུས་དེར་ལམ་འབྲས་ཞལ་ཐང་བཞེངས་པ། མཁྱེན་ལོ་ཙཱ་བ་རབ་ལེགས་པ་དང། བློ་གྲོས་རབ་ཡངས་པ་སོགས་ཀྱིས་ཕྱག་རིས་ཟུག་འདུག་པ། གསེར་རིས་སོགས་ལ་ཕན་པའི་གསེར་སྲང་དོས་གཙོས་པའི་འབུལ་བ་དང། མི་དབང་ཆེན་པོ་རིན་ཆེན་བཀྲ་ཤིས་པའི་དྲུང་