R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༣ན-༣༡༥
[A:༦༣ན-༣༡༥] ༄༅། །ཞུ་འཕྲོད་འབུལ་མི་ཞིག་གཏོང་བས། དེ་དང་སྐབས་སྒྲིགས་པའི་བཀའ་གྲོས་ཁུལ་དུ་མཐུས་པས་དགོངས་ཡུལ་བཞུགས་པ་མཁྱེན་ཞེས་པ་ཕེབས། ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་ལ་དགག་དབྱེའི་ཆོ་གས་མཛེས་པར་བྱས། དབྱར་གནས་ཀྱི་ཡོན་འབུལ་བའང། རྗེ་དྲུང་དུ་འབུལ་ནོད་དཔངས་མཐོ་བ་དང། དགེ་འདུན་རྣམས་སུ་འང། ལྕགས་ལྟང། འབྲས་ལྟང་སོགས་ཡོན་གྱ་ནོམ་པས་ཚིམ་པར་མཛད་དོ།། ཚེས་བཅུ་དྲུག་ནས་དགེ་འདུན་རྣམས་ཐེགས་གྲབས་མཛད། བཅུ་དགུ་ལ་དགེ་འདུན་རགས་པ་ཁྲོ་གང་དུ་ཕེབས། དེ་ཉིན་དཔོན་སློབ་རྣམས་བདག་མོ་ཆེན་མོས་དབྱར་གནས་ཀྱི་ཞབས་ཏོག་གནང་བའི་སྐུ་དྲིིན་གསོབ་ཕྱིར། གསོལ་ཇ་འབུལ་ནོད་མ་རྩེ་ཆེན་དུ་ཕེབས། གསོལ་ཇ་འབུལ་བ་ཞུ་རེས་གནང་བའི་ཚུར་འབུལ་ལ། ཧོར་གྱི་དངུལ་བླུག ཀོ་ཅན་རྣ་བ་ཅན་སོགས་ནོར་སྣ་རྔམས་ཆེ་བ་མང་དག་གི་འབུལ་བ་གནང། སྐབས་དེར་ཆོ་སྡེ་ཆེན་པོ་འཛིམ་ཆོས་ལུང་ནས། སྒྲུབ་སྡེ་ཆེན་མོ་ཇོ་མོ་ནང། རྩེ་ཆེན་ཆོས་སྡེ། རྩེ་ཤར་གྱི་སྒྲུབ་སྡེ་རྒོད་ཁུངས་སོགས་ཀྱི་གདན་སར་བཞུགས་ཤིང། མི་དབང་ཆེན་མོ་ཉིད་ཀྱི་ཏི་ཤྲིའི་གཙོ་བོར་མཛད་པ། འཛིམ་པ་ཆེན་པོ་ཀུན་དགའ་རྒྱལ་མཚན་བཞུགས་པ རྗེ་ཉིད་དང་འབེལ་གཏམ་གྱི་རྣམ་པ་སྒོ་དུ་མ་ནས་གནང་བ་ལས་ཐུགས་དད་ཐུན་མོང་མ་ཡིན་པ་འཁྲུངས་ཏེ། རྣལ་འབྱོར་ཡན་ལག་དྲུག་པ་ལས་བརྩམས་