R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༢བ-༣༡༤
[A:༦༢བ-༣༡༤] སྒྲུབ་དཀའ་ཞིང་། ལོ་གསར་བ་ཕྱིན་ནས་སྔར་སྲིད་ཀྱི་རི་མོ་གསེར་གྱིས་གསོ་བའི་འདུན་པ་ལྷག་པར་ཡོད་པས། དེ་མཐུན་གྱི་འབུལ་འོས་དང་ཕེབས་འོས་ཀྱང་རིམ་པས་མཁྱེན་ཞེས་པ་དང། རྒྱང་མཁར་རྩེ་ནས་དགུན་ཟླ་བ་གསུམ་ཕེབས་པར་ཞལ་གྱིས་བཞེས་དགོས་་ཚུལ་དང། གནས་རྙིང་པ་དཔོན་སློབ་རྣམས་ཀྱིས་ཚེས་ཀྱིས་ལྷག་པའི་ཟླ་བ་ཅིག་གི་ཞབས་ཏོག་བགྱིད་ཞུ་བ་དང། འབྲོག་སྟག་ལུང་ནས་འབྲུག་ལོའི་དབྱར་གྱི་ཞབས་འདེགས་ཞུ་བ་ལ་ལྷག་པར་སྨོན་པས་དུས་ངེས་པ་ཅན་གྱི་བཀའ་སྩལ་ཕེབས་དགོས་པ་སོགས་ལེགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་སྐྱེས་འབུལ་བ་སོགས་སོ་སོ་ནས་འདུས་པས། ད་ནི་ཁོ་བོ་ཚོགས་དགེ་འདུན་སྒང་པའི་སྡེ་འདི་ལ་ཞབས་ཏོག་ཏུ་འགྱུར་བ་འདུག་གསུང། དབོན་པོ་བསོད་ཚེ་བ་རྣམས་ཀྱིས་ཐོག་མར་གཞིས་ཁར་བྱོན། དེ་དུས་རམ་ལྔར་དཔོན་བློན་བཞུགས་ཐོག། བཀའ་ཐོ་ཕུལ་བའི་ཞབས་འདེགས་ཀྱི་ཞིབ་རྒྱས་ནན་ཏན་ཕུལ་བ། དཔོན་དྲུང་བཀྲས་པའི་གསུང་ལས། དྲུང་པ་རང་དེ་ཙམ་དུ་དོ་གལ་མཛད་མི་དགོས་པ་འདུག། ཞབས་དྲུང་དགོངས་པ་བཟང་བ་རང་ཅིག། འདུག་གསུང། ཇི་ལྟར་ལགས་ན་ཞུས་པའི་ཚེ། དགེ་འདུན་གྱི་སྡེ་རྣམ་པར་དག་པ་འདི་ལྟ་བུ་ལ་ཞབས་ཏོག་མ་བྱུང་ན་མི་འོང་ཞེས་ཡང་ཡང་བཀའ་གནང་བས་ཁྱབ་པ་དེར་འདུག། དབོན་པོ་བས་ཞུ་ལན་ཞུས་ཕེབས་པ་ན། དེའི་དབྱར་ཆོས་གྲོལ་འཕྲལ་