R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༣བ-༣༡༦
[A:༦༣བ-༣༡༦] པའི་འབེལ་གཏམ་གྱི་ཚུལ་དུ་ཟབ་དོནགྱི་གདམ་ངག་སྣ་ཚོགས་པ་དང། རྣམ་སྲས་ཞི་བའི་རྗེས་གནང་དང་བཅས་པ་སོགས་ཀྱིས་ལྷག་པར་ཐུགས་དད་པའི་བླ་མར་འཛིན། སླར་རྒྱང་མཁར་རྩེར་ཕེབས། ཚོགས་པ་དང་ལྷན་ཅིག། ཆོས་ཀྱི་རྒྱལ་པོ་དོན་གྲུབ་རབ་བརྟན་འཕགས་པ་ཁུ་དབོན་དང་བཅས་མཇལ། དགུན་ཟླ་བ་གསུམ་ཕོ་བྲང་དེར་ཚོགས་པ་རྣམས་ཞབས་བཀོད་པར་ཞལ་གྱིས་བཞེས་ནའང། ཞག་ལྔ་སོང་རྗེས་གཞིས་ཁ་རིན་སྤུངས་ནས་མིའི་དབང་པོ་དོན་ཡོད་རྡོ་རྗེས་དེ་རྣམས་དབུས་ཕྱོགས་ལ་རོང་ཆུང་རྒྱུད་འདེགས་པ་ཡོད་དུས། དཔོན་སློབ་རྣམས་རིམ་པས་ཕེབས་པའི་གཞིས་ཁར་ཞག་བཅུ་བཞུགས་ཡུལ་གནང། སཱ་ཚ་འབུམ་གཏེར་སོགས་རིམ་གྲོ་ཞུ་དགོས་རྣམས་བཀོད་པ་བྱས་ཡོད་པ་བཞིན་ལེགས་པར་གྲུབ་རྗེས། རོང་ལམ་ལ་ཞག་མང་མི་འགོར་བའི་ཐུགས་འདུན་ནས། ངེད་རྣམས་རྒྱ་ལ་ས་དཀར་གྲོང་དུ་ཕེབས་སྒུགས་ཞུ་བས། མགྱོགས་ཤད་ཕེབས་དགོས་པའི་ཞུ་འཕྲོད་ལ་བརྟེན་ཞག་བཅུ་གཅིག་གི་བསྙེན་བཀུར་དུ་ཡབ་མཆོད། དེའི་ཚེ་ཚོགས་པ་ཆོས་ལུང་པ་བཞུགས་པ་དང་མཇལ་བའི་སྔར་སྲོལ་བཟང་པོ་བཞིན་གྱི་གཞི་ལེན་སྐུ་ཁྱོ་ས་བསྡབ་ལན་དང་བཅས་པ་སོ་སོ་ནས་ཕུན་སུམ་ཚོགས་པ་གནང། ཆོས་ལུང་པའི་དགེ་བཤེས་མང་ཧྲགས་དང། དཔལ་འཁོར་བདཻན་ནས་དགེ་བའི་བཤེས་གཉེན་ཆེ་མོ་དང་བཅས་པ་ལ་འཇམ་དབྱངས་དཀར་པོ། འཇམ་དཔལ་གསང་སྒྲུབ། དབྱངས་ཅན་མ་སོགས་རྗེས་སྣང་