R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༢ན-༣༡༣
[A:༦༢ན-༣༡༣] ༄༅། །ཆོས་ཟླ་བ་དཔོན་སློབ་གསུམ། རྒྱང་མཁར་རྩེ་དང། གནས་རྙིང་རྣམས་སུ་དབུ་མཛད་པད་རྒྱལ་བ་དཔོན་སློབ། འབྲོག་སྟག་ལུང་དུ་དགེ་བཤེས་བློ་རྒྱལ་བ་རྣམས་བརྗངས། གཞིས་ཁ་རིན་སྤུངས་སུ་དབོན་པོ་བསོད་ཚེ་བ་དཔོན་སློབ་རྣམས་གནང་རྗེས། ཟླ་བ་དྲུག་པའི་ཚེས་བཞིའི་ཐོ་རངས་མནལ་ལམ་དུ། མོན་རྩེ་ཡིན་ཟེར་བའི་རི་མཐོ་བ་ཞིག་གི་རྩེར་ཕེབས། དེ་ནས་ཕྱོགས་ཐམས་ཅད་ལ་གཟིགས་པས། ལྷོ་དང་ནུབ་གཉིས་ཡོལ་བས་བཅད་པ་ལྟ་བུའི་ཅི་ཡང་མི་གཟིགས་པ་ལ། ཤར་དང་བྱང་གཉིས་ཀྱི་ཡུལ་ལྗོངས་འདི་དང་འདིའོ་ཞེས་སྤྱན་ལམ་དུ་གསལ་བར་བབ་ཅིང། ཁྱད་པར་ཇོ་བོ་རིན་པོ་ཆེའི་གསེར་ཏོག་ལ་ཉི་མ་ལྷག་གིས་ཤར་བ་དང། སྔོན་གྱི་བག་ཆགས་ཀྱི་ཇོ་བོ་རིན་པོ་ཆེའི་ཞལ་རས་གཟི་མདངས་ཤིན་ཏུ་ཆེ་བའི་རྣམ་པར་མཇལ་བྱུང་བས། དར་ཅིག་སྐྱིད་ཞོད་ཕྱོགས་ལ་འགྲོ་དགོས་པ་འདུག་ཅིང། ཞབས་ཏོག་ལའང་དེ་ཙམ་པ་རང་གི་སེམས་ལས་བྱེད་དགོས་པ་མི་འདུག་སྙམ་པ་དང། འོན་ཀྱང་ངེད་རང་གི་ཚེ་མཇུག་འདིའི་ཕྲིན་ལས་གང་ཡོད་ཀྱང་བྱང་དང་ཤར་གྱི་ཕྱོགས་སུ་ཡོང་བ་འདུག་དགོངས་པའི་མོད་ལ་མནལ་སད་དེ། ཅུང་ཟད་ཐུགས་ངལ་བའི་རྣམས་པ་ཡོད་པ་ཡང་དངས་པར་གྱུར་ཏོ། །དེ་ནས་ཕྱོགས་སོ་སོར་མངགས་པའི་ཇ་ཞལ་བ་རྣམས་ཀྱང་འདུས། ཡར་རྒྱབ་ནས་ཕྱིར་བྱོན་པའི་ཞུ་མན། ཞལ་ངོ་སྒེར་གཞིས་སོ་སོར་འཛིན་པའི་རྣམ་པས། ད་ལོ་རང་ལ་ཞབས་ཏོག་ཞུ་