R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༡བ-༣༡༢
[A:༦༡བ-༣༡༢] མང་། གང་དུ་ཕེབས་ཀྱང་གསུང་རབ་ཀྱི་འབེལ་གཏམ་མཛད་པས་དུས་འདའ། སྤྱོད་འཇུག་གསན་པར་རྐྱང་འཁུར་བདེ་བ་ཅན་པའི་མང་རབ་དང། གཞན་ཡང་ཉང་སྟོད་ཕྱོགས་ནས་དགེ་བའི་བཤེས་གཉེན་གཏོས་ཆེར་ཕེབས་པ་སོགས་ལ་སྡེ་སྣོད་གསུམ་ལས་བརྩམས་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། ཕྲན་བུའི་ཚུལ་དུ། གཉག་དབོན་ཐམས་ཅད་མཁྱེན་པའི་ཡིག་ཆའི་སྟེངས་ན་ བཅུ་གཅིག་ཞལ་གྱི་རིག་གཏད། སྨྱུག་གནས་ཀྱི་ཆོ་ག་ལག་ལེན་དང་བཅས་པ། བླ་མ་བརྒྱུད་པའི་རྣམ་ཐར། སྤྱན་རས་གཟིགས་ཀྱི་བཀའ་འབུམ་སོགས་མཐའ་ཡས་པ་གནང། གནས་དེར། སེང་གེ་རྩེ་ནས་ཞབས་ཏོག་མཛད་པའི་ཚུལ་ནི། ཞབས་ཏོག་དཀྱུས་ལ་ཞོགས་ཇ་དང་རྒོངས་ཇ་ཐོ་ཕོལ་ལྕགས་སྲང་གསུམ་མའི་སྡོར་བཅས་ལྟར་ཆགས་པ་དང ། དུས་བཟང་རྣམས་སུ་གསོལ་ཇ་འཕར་མ། འབྲས་ཚོད། བུ་རམ་ལམ་ཁམ་བུ་དང་བཅས་པ། དགེ་འདུན་བསྐོར་ཇ་བ་ལས་འཛིན་སོགས་སུམ་བཅུ་ཕྱིན་ལ། ཉིན་རེ་བཞིན་བུ་རམ་གཉིས་རེ་དང། རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས་པས་མཆོད། དེར་དབྱར་ཆོས་གྲོལ་ནས། ཚོགས་སྡེ་རྣམས་འདི་ལ་ཐེགས་ངེས་པ་མེད་པ་ལ་རྟེན། ཕྱོགས་ཕྱོགས་སུ་ཞབས་འདེགས་པ་འཚོལ་བའི་ཕྲིན་ལས་པ་མངགས་པ་ནི། ཡར་རྒྱབ་ཆོས་ཀྱི་རྒྱལ་པོ་ཞལ་ངོ་རྣམས་སུ། ཇ་ཞལ་འབུལ་བ་ལ། དབུ་མཛད་