R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༠བ-༣༡༠
[A:༦༠བ-༣༡༠] ས་སྐྱོང་ཆེན་པོ་དེ་ཉིད་ཀྱི་དགོངས་པ་ལ། རང་གི་གྲ་སའི་མགོ་མི་འདོན་པར་ཞལ་ཤགས་འབྱེད་པ། སྐྱེས་བུ་མཆོག་གི་རྣམ་པར་ཐར་པར་འདུག་དགོངས་ཏེ། དེ་མ་ཐག་ཇ་གཉེར་བཀྲ་ཤིས་གླིང་པ་ལ། ངེེད་རང་ལ་གེར་བཀྲ་ཤིས་སྦུག་པས་ཕུལ་བའི་གོས་ཀྱི་རྒྱུ་ངུར་ཁ་དེ་ད་ལྟ་ལོང་ཤོག། རྗེ་དྲུང་དུ་འབུལ་བ་ཡིན་ཕེབས་པ་བཞིན་དེ་ཉིད་དུ་ཕུལ། རྗེས་སོར། དཔོན་བློན་ནང་ཁུལ་ཞལ་འཕྲོས་གླེང་བ་ན། རྗེ་འདི་གོང་དཀར་བ་ལ་ཐུགས་ཞེན་ཆེས་པ་འདིས་ཕུགས་སྐུ་ངོ་ནན་ཆགས་གནང་དོགས་ཀྱི་བཀའ་ཚོམས་སུ་འདུག། གཞན་མ་སྐྱེས་བུ་དམ་པ་འདི་ལྟ་བུ་དང་མཇལ་བ་བསྐལ་བ་དཔག་ཏུ་མེད་པ་ནས་བསོད་ནམས་བསགས་པའི་མཐར་ཐུག་འདུག། ཅེས་གསུངས་ཚུལ་ཇོ་སྟོན་ཆོས་འབྱོར་བ་ཀུན་ལ་གྲགས། དེ་ནས་ཉང་སྟོད་ལ་ཐེག་གདོང། བསམ་བདེ་ནས་ཕེབས་པའི་བདག་མོ་གསེར་ཁང་མིའི་སྐུ་ལྡབ་སྐུ་སྐལ་གསེར་སུམ་ནམ་མའི་གྲལ་འགྱེད། གཞན་ཡང་སྣམ་འགྱེད་དང་བཅས་པ་དང། ལྷག་པར་བསྔོ་བའི་རྟེན་དཔངས་ཆེ་བ་དང་བཅས་པ་གནང། དེ་ནས་སེང་གེ་རྩེ་བའི་སྤྱན་འདྲེན་དང་བསྟུན་ཟླ་བ་ལྔ་པའི་ཚེས་ལྔའི་ཉིན་རིན་སྤུངས་གཉེར་ཆེན་དཔོན་གཡོག་སྐྱ་ཧྲགས་དང་བཅས་པས་ཕྱག་ཕྱི་མཛད། རྒྱང་མཁར་ཕུར་ཕེབས། རིམ་གྱིས་རྒྱུད་འབྲོང་རྩེར་སུམ་ཞག་གི་ཞབས་ཏོག་ཟླ་མེད་པ་ནས། ཚེས་