R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༠ན-༣༠༩
[A:༦༠ན-༣༠༩] ༄༅། །ནས་བསུ་བ་སེར་སྦྲངས་ཕྱག་ཁྱེར་དང་བཅས་པ་མཛད། ཚོགས་པ་རྣམ་པས། མིའི་དབང་པོ་དཔོན་བློན་དྲུང་དུ། ལྷའི་དབང་པོ་ཉེ་དབང་གིས་མངོན་པར་མཆོད་པ་ལྟ་བུའི་དགའ་སྟོན་གྱ་ནོམ་པ་ཞུས། དེ་དུས་བཀའ་ལས། རིམ་གྲོ་ཞུ་དགོས། སཱ་ཚ་འབུམ་གཏེར། རྣམ་རྒྱལ་སྟོང་མཆོད་རྣམས་དགོས་ཚུལ་ཕེབས་པ་ལ། རྗེ་ཉིད་ཀྱིས་བཀའ་བཀོད་སྩལ་བ་བཞིན་དགེ་འདུན་རྣམས་ཀྱིས་ལེགས་པར་བསྒྲུབས་པས། ངོ་མཚར་བ་ལས་ཀྱང་བླ་ལྷག་ཏུ་ངོ་མཚར་བའི་དཔལ་གྱིས་དགྱེས་པ་བསྐྱེད་པར་གྱུར་ཏོ།། དཔོན་སློབ་དྲུང་གི་དགའ་སྟོན་སྐྱེས་ལན་དུ་མཁའ་རུ་སྟེངས་སུ་གནད་འདྲེན་ཞུས། སྟོན་ཤོམས་ཀྱི་ཐོག་ཏུ་ཚོགས་ནས་བཀའ་བཅུ་བ་ཆོས་བཟང་རྣམ་རྒྱལ་བ་དང། གཙང་ཕུག་པ་བའི་ཆོས་མཛད་གཞོན་པ་གཉིས་འབེལ་གཏམ་ལ་བཞེངས། དེར་དཀའ་བཅུ་བས་ཚིག་ལ་རྟེན་པའི་འཁོར་གསུམ་ཡིན་ཟེར་བ་ཞིག་མཛད་པས། མཁན་ཆེན་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུ། ཕུག་པ་ཆོས་མཛད་པས་གཏུགས་ཏེ་ཤགས་འབྱེད་ཞུས་པ་ལ། དཀའ་བཅུ་བས་སྐོར་ལུགས་འདི་དང་འདི་ལྟར་བྱས་པ་ན། ཚིག་ལ་འགྲོ་བ་འདུག། ད་རེས་མ་སོང། ཁྱེད་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་འབེལ་བའི་གཏམ་དེ་ལྟ་བུ་ནི། རང་གིས་རང་ཉིད་མངོན་སུམ་དུ་བསླུ་བར་འདུག་བཀའ་སྩལ་བའི་ཚེ་