R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༦བ-༣༠༢
[A:༥༦བ-༣༠༢] པའི་ཚེས་དགུའི་ཐོ་རངས་མནལ་ལམ་དུ། གཟིམས་ཆུང་ཐོག་ཏུ་གླང་དམར་གྱི་པགས་པ་དམར་ཆལ་གྱིས་བཏིང་བའི་སྟེང་དུ། ཕུན་ཚོགས་རིན་ཆེན་གྱི་མགོ་ཁྲག་བཙར་དེ་བསྐྱུར་བྱུང་བས། སྡུགེདྲགས་ཀྱིས་བསམ་བརླག་ཏེ་བྱས་འདུག་ནའང། ད་སྨོན་སེམས་བཞིན་བྱེད་པ་ལས་ཐབས་གཞན་མི་འདུག་དགོངས་ནས་ཐུགས་དམ་སྐྱབས་འོག་ཏུ་འཇུགས་པ་གནང། ཁོ་ནི་ཚེའི་དུས་བྱས། འོན་ཀྱང་བྱ་བ་དེ་རིགས་ལ་གནས་དམན་པར་སྐྱེས་ནའང། སྡིག་པ་སྦྱོང་ཐབས་བྱས་པས་མཐོ་རིས་ཀྱི་གནས་སུ་སྐྱེས་པའི་མཚན་མ་མཐོང་ཞེས་གསུང། རྗེ་ཉིད་རང་ལ་ཆོས་སྐྱོང་ཡུས་པ་དང། དགེ་འདུན་རྣམས་ལའང་ཐུགས་ཡིད་མ་ཆེས་པའི་རྣམ་པས། ཅུང་ཟད་ཐུགས་བརྣགས་པའི་ཉམས་གྲིབ་ཀྱིས་སྐུ་མ་བདེ་བས་སྐུ་མཚམས་གནང། དགེ་འདུན་བཅུ་ལྷག་གི་བསྐང་གསོ་རྒྱུན་མི་འཆད་དང། ཚོགས་པ་རྣམས་ཀྱིས་ཀྱང་སྐུ་རིམ་ཉིན་མཚན་མེད་པར་བསྒྲུབས། སྐུ་ངལ་བའི་མོད་དེ་ཀ་ལ། ཆོས་སྐྱོང་འདི་ལ་བསྟོད་པ་གཅིག་ཕུལ་ན་བཞེས་སམ་མི་བཞེས་དགོངས་པའི་ཚེ། ཟླ་བ་བཅུ་པའི་ཚེས་བརྒྱད་ཀྱི་ཐོ་རངས་མནལ་ལམ་དུ། བྱང་གི་བཞི་སྡེ་དབུ་མཛད་བློ་རྒྱལ་ཡིན་ཟེར་བའི་བན་དེ་རྒན་པོ་ལག་ན་མདའ་དར་དམར་པོ་དྲི་མས་ཅུང་ཙད་གོས་པ་གཅིག་ཁྱེར་ནས་མདའ་དར་འབུལ་བར་བརྩམས་པ་ན། མི་དབང་ཆེན་པོ་ལྷ་དབང་ཀུན་དགའ་ཡིན་ཟེར་བའི་མི་སྨུག་པོ་ཅིག་ན་རེ། དེ་མི་