R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༦ན-༣༠༡
[A:༥༦ན-༣༠༡] ༄༅། །གྲོ་ལེགས་རྗིང་གི་བར་སྐྱེལ་ཐུང་ལ་ཕེབས། ཚེས་བཅུ་ལ་འཇད་མཐོང་སྨོན་དུ་ཕྱག་ཕབ། དབྱར་གནས་ཀྱི་ཤོམས་སྒྲིག་གནང་བའི་དབྱར་ཟླ་གསུམ་ཞལ་གྱིས་བཞེས། དུས་དེར་དབྱར་ཆོས་ལ་མཁས་པ་ཐམས་ཅད་ཀྱི་ནང་ནས་མཁས་པར་གྲགས་ཤིང། ཕྱིས་བྱ་རྒོད་ཤོངས་དང། ངམ་རིངས་ཆོས་སྡེའི་གདན་སར་ཕེབས་པ་ལྕགས་ལྡང་རབ་འབྱམས་པའི་དྲུང་ཕེབས་ཏེ། འདུལ་བ་མེད་ཏོག་ཕྲེང་རྒྱུད་ཀུན་མཁྱེན་རོང་པོའི་ཊཱིཀ་དང་། སྤྱོད་འཇུག་ལོ་ཙ་བ་ཆེན་པོོའི་ཊཱི་ཀའི་སྟེངས་ནས་གནས་ཞིང། གཞན་ཡང་ཀུན་མཁྱེན་རོང་པོའི་བཀའ་འབུམ་ཐོར་བུ་བ་སོགས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་པས་ཞལ་སློབ་མཁས་པར་གྲགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་འདྲེན། དབྱར་ཆོས་གྲོལ་རྗེས་ཇ་རྐུ་མི་ཁམས་མ་བདེ་ཞིང་རིག་པ་མི་གནས་པས། དགེ་འདུན་གྱི་དབུས་སུ་ཇ་རྐུ་བའི་ལག་སྟབས་དང་འདབས་སུ་སྦེད་པ་སོགས་ཀྱི་རྣམ་འགྱུར་མངོན་སུམ་དུ་མཐོང་བས། ཆོས་སྐྱོང་ལ་བཀའ་བསྒོ་དྲག་པོ་གནང་བའི་ནུས་པར་དགོངས། རྗེ་ཉིད་དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་ལ་མི་གནང་ཁ་མེད་མ་གཏོགས། གཡོག་ལ་གོར་ཐེབས་པ་རང་ཅིག་ཡོད་པས་ཐུགས་ལ་སྙིང་རྗེ་ཆེན་པོ་འཁྲུངས་ཏེ། ཚེ་དབང་བརྒྱ་རྩ། ཆོས་སྐྱོང་ཞི་བའི་རྗེས་གནང་སོགས་གནང་ཏེ་ལྷོ་ཕྱོགས་པ་ཅིག་ཨེ་ཡོང་དགོངས་པ་ལ། སྔར་གྱི་ཆོས་སྐྱོང་ལའང་གནད་ལ་བཀར་བའི་བཀའ་བསྒོས་པའི་གཤིས་ཀྱིས། ཟླ་བ་དགུ་