R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༥བ-༣༠༠
[A:༥༥བ-༣༠༠] ཞིགས་རལ་དུ་སོང་བ་རྣམས་གསོ་བའི་དགོངས་པ་འཁྲུངས་ཏེ། གློ་བོ་མ་ཇ་ཞལ་གནང་བའི་དགོངས་ཆེ་གཏད་ཀྱང་མ་ཐུབ། འོན་ཀྱང་ངམ་རིངས་རང་དུ་ཞལ་ཏ་བའི་སྟེངས་ནས་ཟངས་སྒྲུབ་གནང་བའི་ཀ་ཏོར་བ་ཆ་བཞུ་ཟངས་ཆེ་ཆུང་སོགས་ཐབ་ཆས་སྐོར་གསོ་ནམས་དགོངས་པ་རྣམས་དང། མཆོད་རྫས་སྐོར་ཞིག་གསོས་རྣམས་ཀྱི་ལོ་འཁོར་གྱི་བར་དུ་མཛད། དུས་དེར་ཚོགས་པས་རྣམས་གསོལ་ཇ་འཁྲོལ་ཆུང་བའི་གནང་ཀ་ཙམ་ཡོད་པ་ལ། བསམ་ཆུང་ཞིག་གི་ཇ་རྐྱལ་ནས་དུམ་ཅིག་བརྐུས་པ། ཐུགས་རྒྱལ་བཞེངས་པའི་ངོ་ནས། སྔ་སོར་རྒྱལ་པོ་གང་དགའ་བགྱིས་ཕེབས། ཇ་བསྐྱལ་བའི་རྗེས་སུའང་གཏོར་མ་བརྡེག་པའི་བཀའ་གནང། ཞག་གསུམ་གྱི་བར་གཏོར་སྒྲུབ་མཛད ཀུན་རྒྱམ་ཟེར་བའི་ཇོ་གདན་ལག་བདེ་བ་ཞིག་ཡོད་པས་ལིངྒ་བྲིས་གཏོར་སྣ་ལ་བཞག། གཏོར་མ་བསྒུལ་བའི་ཉིན་ཆོས་སྐྱོང་མ་བཀའ་བསྒོ་དྲག་ཏུ་གནང། ཚོགས་པས་གཏོར་མ་འཕངས་དུས། རྐུན་མ་དེ་ཉིད་ཀྱིས་རྐང་རྗེས་ཏོག་ཙེས་བྲུས་ཏེ་ལིངྒ་དོང་ནང་དུ་འཇུག་པར་བརྩམས་པ་ན། རླུང་དམར་ཅིག་ལངས་ཁོ་རང་མགོ་མཇུག་བཟློག་ཏེ། རླུང་དམར་དེས་ལིངྒ་དང་མཉམ་དུ་བཅུག་པའི་མཐོང་སྣང་དགེ་འདུན་བྱིན་གྱི་མཐུན་གྲུབ་ཏུ་བྱུང། ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་ཚོགས་པ་རྣམས་འཇད་མཐོང་སྨོན་དུ་དབྱར་ཆོས་འཛུགས་པ་ལ་འདེགས་པ་གནང། བདག་ཆེན་ཞལ་ངོའི་དྲུང་གིས་