R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༤བ-༢༩༨
[A:༥༤བ-༢༩༨] དཔོན་སློབ་ཕྲོང་ཁྲོད་དུ་གདན་འདྲེན་ཞུས། བདག་ཆེན་རྒྱལ་བུ་རྒྱལ་སྲིད་དུ་གསོལ་ཏེ། རྗེ་དྲུང་གཙོ་བོར་གྱུར་བའི་ཚོགས་སྡེ་ཆེན་པོ་རྣམས་ཀྱིས་རབ་གནས་རྒྱས་པ་གནང། དུས་དེར་ཚོགས་པ་ལ་སྤྱི་འབུལ། དངུལ་གྱི་མཎྜལ་ཁྲུ་སྐོར་བ་རིན་པོ་ཆེ་ནལ། གཡུའི་འཕྲད་བཀོད་པ་འཇོག་རྒྱན་དང་བཅས་པ། དགེ་འདུན་སོ་སོའི་ཕྱག་ཏུ་གསེར་ཞོ་ཕྱེད་མའི་གྲལ་འགྱེད། རྗེ་ཉིད་དུའང་འབུལ་ནོད་རྒྱ་ཆེ་བ་གནང། སྐབས་དེར་ཆོས་སྡེ་ཆེན་པོའི་དགུན་ཆོས་ཐོག། བདེ་ཡངས་པའི་སློབ་དཔོན་ཆོས་ལྡན་པ་དང། དེའི་སློས་ཆུང། ཕྱིས་གོང་དཀར་ཟིལ་གནོན་པའི་སློབ་དཔོན་དང། ཆོས་སྡེ་ཆེན་པོའི་གདན་ས་ཡང་མཛད་པ་ཆོས་རྗེ་སངས་རྒྱས་རྒྱ་མཚོ་བ་སོགས་ལ་མངོན་པ་ཀུན་ལ་བཏུས་ཀྱི་བཤད་པ། ལུང་སྟོན་པ་ཀཱ་ལཱ་པའི་མཚམས་སྦྱོར། དུས་འཁོར་བསྡུས་རྒྱུད་འགྲེལ་པ་དང་བཅས་པ་ས་རིས་ཀྱིས་གཏན་ལ་འབེབས་དགོས་པ་སོགས་གནང་ཞིང། གཞན་ཆོས་འཆད་བཤེས་གཉེན་འདུས་པ་རྒྱ་མཚོ་ལ་དབང་ལུང་མན་ངག་མཐའ་ཡས་པ་དང། ཁྱད་པར་ཐུགས་རྗེ་ཆེན་པོའི་བཀའ་འབུམ་གྱི་ལུང་གནང་པ་ན་མེ་ཏོག་གི་ཆར་བབ་པས་ངོ་མཚར་ཞིང་བླ་མ་ཡི་དམ་པ་ལ་དད་མོས་སུ་གྱུར་ཏོ། །དེ་ཉིད་དུ་རིག་པ་འཛིན་པ་སྔགས་ལ་སྤྱོད་པའི་རྣལ་འབྱོར་ལ་འདུས་པ་ནི། མིའི་དབང་པོ་དོན་ཡོད་རྡོ་རྗེའི་གསང་བའི་བླ་མ་རིག་འཛིན་ཆེན་པོ་ནམ་མཁའ་རིན་པོ་ཆེ་ཁུ་དབོན། དེའི་ཡབ་ཚན་