R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༢བ-༢༩༤
[A:༥༢བ-༢༩༤] དེར་བྱང་སྟག་རྩེ་བས་དབྱར་གནས་ཀྱི་ཞབས་འདེགས་མཛད། གྲོལ་སྟོན་ཞུ་མིའི་མི་སྣ་རྣམས་ཀྱང་འབྱོར། སྐབས་དེར་ཆོས་སྡེ་ཆེན་པོའི་གཞུང་ལས་པ་ལས་ཆེན་བསོད་རྒྱལ་པ་དང། ཕྱག་ཕྱིར་རབ་འབྱམ་སྨྲ་བ་བསོད་ནམས་བཀྲ་ཤིས་གཉིས་ཀྱིས་རྣལ་འབྱོར་ཡན་ལ་ལག་དྲུག་གི་གསོལ་བ་བཏབ་པ་ན། དོ་ནུབ་ངེད་ཀྱིས་རྨི་ལམ་བརྟག་པ་ཞིག་ཀྱང་བྱེད། དཔོན་སློབ་ཀྱང་ཐུགས་དམ་བརྟག་པ་མཛོད་བཀའ་ཕེབས། དེ་ནུབ་མནལ་ལམ་དུ། སངས་རྒྱས་ཀྱི་འཕེལ་གདུང་ཅིག་ཕྱག་ཏུ་བྱུང་བ་དེ་ལས་མང་པོར་འཕེལ་བའི་སྣང་བ་བྱུང། རྟེན་འབྲེལ་ལེགས་དགོངས་ཞལ་བཞེས་གནང། སྔོན་འགྲོ་རྣམས་གྲུབ་རྗེས་མཆོག་དབང་གོང་མ་ཞིས་སྨིན་པར་མཛད། ཁོང་རང་གི་གྲ་ཚང་གི་གཟིམས་ཆུང་མུན་ཁང་དུ་དབེན་གསུམ་ལ་བཞུགས་བཅུག། རྗེ་ཉིད་ཕྱིར་ཕེབས་ནས། ཉམས་འབར་བའི་མདོ་ལ་ལུས་གནད་རང་གྲོལ། ཀུན་རྫོབ་ཀྱི་རི་ར་བ་ཁང་ཁྱིམ་སོགས་གང་གིའང་སྒྲིབ་གསོགས་དང་བྲལ་བས། རྗེའི་དྲུང་ན་སྟག་རྩེ་བའི་མི་སྣ་རྣམས་དང། ཚོགས་པའི་དབུ་མཛད་ཆོས་ཁྲིམསདང་བཅས་པ་དྲུང་ན་འཁོད་པ་གསལ་བར་གཟིགས། ཞལ་འཕྲོས་གནང་བ་ཕྱིན་ཆད་མངོན་སུམ་དུ་གསན་པས། སང་གསུམ་ཆོས་གནང་བ་ལ་ཕེབས་དུས། དེ་ལྟ་བུའི་སྣང་ཚུལ་རྣམས་ཞུས་པས། སྤྱིར་ཆོས་འདི་སངས་རྒྱས་བྱང་ཆུ་སེམས་ཀྱི་བཀའ་ལ་ཅུང་ཟད་ཀྱི་སྒྲོ་སྐུར་