R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༢ན-༢༩༣
[A:༥༢ན-༢༩༣] ༄༅། །ཐོག་ཏུ་ཞལ་ངོ་དྲུང་གི་ཕྱག་འབུལ་གནང། ཆོས་བློན་ངན་ཐུབ་པས་ཀྱང་གསེར་སྲང་ཐུམས་ཀྱིས་གཙོས་པའི་བདུན་ཚན་དངོས་གཙང་བ་ཕུལ། སླར་བཞུག་གདན་ལ་ཕེབས་ཏེ་བཀྲ་ཤིས་མངའ་གསོལ་རྒྱ་ཆེན་པོ་མཛད། དེར་རྗེས་རྗེ་ཉིད་རང་ནས། ཡོན་མཆོད་དྲུང་དུ་སྐུ་ཁྱོས་ཐབ་ཞལ་སྲོའི་རྣམ་པ་བུར་སྟོན། འབུལ་གནང། མཁན་ཆེན་གོང་མའི་དྲུང་དུ་འབུལ་བ་བདུན་ཚན། བདག་ཆེན་དྲུང་དུ་ཉིན་མོ་བདེ་ལེགས་ཀྱིས་གཙོས་པའི་དགུ་ཚན། བདག་ཆེན་ཀུན་ལེགས་པར་བདུན་ཚན། ཁང་གསར་དྲུང་ཆེན་དུ་ལྔ་ཚན། ཚོགས་པ་རྣམས་ལའང་གསེར་འགྱེད་གྱ་ནོམ་པས་ཚིམས་པར་མཛད། དེའི་ཉིན་རང་རྟེན་འབྲེལ་གྱི་སྒོ་ལ་དགོངས་དགྲ་བཅོམ་པ་གཞོན་ནུ་བྱང་ཆུབ་པའི་ཆོས་ཁྲི་ཐོག་ཐུབ་མར་གྲགས་པའི་སྟོང་ནས་དབྱར་ཆོས་ཀྱི་དབུ་ཚུགས་པ་གནང། དེ་དུས་ཆོས་སྡེ་ཆེན་པོའི་སློབ་ཆོས་འཆད་བྱིན་བཞུགས་པ་ལས། གསུང་ཆོས་ཞུ་བའི་གྲ་ཉིན་མོའི་ཆ་ལ་ལུང་གནང་དགོས་པ་དང། སྲོད་ཀྱི་ཆ་ལ་དབང་རྗེས་གནང་གཞི་བྱེས་ཐམས་ཅད་ལ་གནང་དགོས་པའི་སྐབས་དེར། ནང་སོ་མུས་པ་ཞལ་ངོ་རྣམས་ཕེབས། ཕྱག་ན་རྡོ་རྗེ་འགྲོ་བཟངས་དང། རྣམ་སྲས་ཞི་བ། བདེ་བྱེད་མ་གཙོ་འཁོར་གྱི་རྗེས་གནང་བསྩལ་ཞིང། ཁལ་ངོ་ཅིག་ཀྱང་རང་ཏུ་བྱུང་སྟེ་ཕྱག་ཕྱིར་ཕུལ། དུས་