R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༡བ-༢༩༢
[A:༥༡བ-༢༩༢] ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཡོད་པ་སྒོ་བསྟུན། རྗེ་ཉིད་ཀྱི་མཁན་པོ་གོང་མ་རིན་པོ་ཆེ་ཡོན་རྒྱམ་པ་དང། མི་དབང་ཏ་སི་ཆེན་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན་པལ་བཟང་པོ་དཔོན་བློན་དང་བཅས་པ་བཞུག་གདན་ལ་ཕེབས། རྗེ་བཙུན་ཆེན་པོ་འདི་ཉིད་ཁ་ཆེའི་པཎྜི་ཏ་ཤཱ་ཀྱ་ཤྲིའི་ཆོས་ཀྱི་ཁྲི་ལ་སྤྱན་དྲངས་ཏེ། ཐོར་མར་ཚོགས་སྡེ་ཆེན་པོ་རང་གི་གའུ་ལེ་དང་མཐུན་པར་གསོལ་ཇའི་ཐོབ་ཏུ། ཁ་ཆེ་པཎ་ཆེན་གྱི་སྐུ་འདྲ། རྣམ་ཐར་དཔག་བསམ་འཁྲི་ཤིང། ཆོས་ཀྱི་པཎྜི་རྣམས་ཕུལ་རྗེས། མཁན་པོ་གོང་མའི་འབུལ་གནང། དགེ་འདུན་སོ་སོའི་ཕྱག་སྐོར་སྒེར་འབུལ་དང་བཅས་པ་མཛད། བདག་ཆེན་དཔོན་བློན་གྱི་གསོལ་ཇའི་ཐོག། ཁ་ཐགས་ཉིན་མོ་བདེ་ལེགས། ཐུབ་དབང་གི་སྐུ་ལི་མ་རྒྱན་བཅུག་མ། གསོལ་ལྷུང་གི་ནང་ན་ནོར་བུ་འབར་བས་མཚན་པ་བསྐུམ་ཁྲུ་གང་ས་ན་བཟའ་དང་བཅས་པའི་ཕྱག་གི་ལྷུང་བཟེད་ནང་ན་ནོར་བུ་འབར་བས་མཚན་པ། མཁན་ཆེན་རིན་པོ་ཆེ་རབ་འབྱོར་སེང་གེའི་སྐུ་འདྲ་བླ་ཐང་ཕྱག་ནས་མའི་དབུའི་སྟེང་གི་ཐུབ་དབང་གི་སྐུའི་ཕྱག་མཚན་དང་མཐུན་པས་དགྱེས་པར་མཛད། གསེར་སྲང་ཐུམས། དཀར་གངས་འོད་འདུ་མ་ལེགས་པ་རྒྱ་ཤུགས་ཚིང་གིར་མ་དང་བཅས་པ། གོས་ཕྱི་ནང། ཆིབས་དར་སྡིངས་སྔོན་པོ་དང་བཅས་པའི་དགུ་ཚན་གཅིག་དང། བདུན་ཚན་གཅིག་གི་