R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༡ན-༢༩༡
[A:༥༡ན-༢༩༡] ༄༅། །བ། སྐྱེ་བུ་དམ་པ་ཆེན་པོའི་གནང་སྦྱིན་རྟེན་འབྲེལ་ལྷག་པར་ལེགས་བསམ་པ་བྱུང་གསུང། དེ་ནས་ཕེབས་ལམ་འཇུག་པ་བདེ་ཞིང་ཞབས་འབྲིང་དང་བཅས་པའི་ཞབས་ཏོག་མཁོ་དགུ་སྣ་ཚོགས་པས་འབྱོར་བཞིན་པའི་མུ་ནས། གཙང་གཞུངས་བཀྲ་ཤིས་བདེ་སྦུག་ཏུ་ཧོར་ཟླ་བརྒྱད་པ་རྟིང་མའི་ཚེས་གཅིག་ལ་ཕེབས། དེ་ཉིན་ཡོན་མཆོད་དྲུང་དུ་ཁྱུང་དཀར་བསམ་གྲུབ་རྫོང་ནས་སྔ་འགྲོས་པ་གནང་བའི་ཞུ་འོ་འབུལ་མིའང་འབྱོར་བས། བདག་ཆེན་དཔོན་བློན་ཀྱང་བླ་ལྷག་པར་དགྱེས་པའི་སྒོ་ནས། ཚོགས་སྡེ་རྣམས་ལ་སྔར་སྲོལ་ཇི་ལྟར་ཡོད་ཀྱང། སེམས་དཔའ་ཆེན་པོ་འདི་ཉིད་བསྟན་པ་བཐའ་དག་ལ་མཐུན་སྣང་དུ་གྲུབ་པའི་བཤེས་གཉེན་དམ་པ་ཡིན་ངེས་སུ་འདུག་པ། ཚོགས་པ་ཐམས་ཅདཀྱིས་དཔལ་ལྡན་སྡིངས་ནས་གསུ་བ་སེར་སྦྲངས་མཛད་པ་ལེགས་ཚུལ་ཕེབས། ཚོགས་པ་རྣམས་ཀྱང་གདན་ས་བར་འཁོད་བར་སྲོལ་ལུགས་མེད་རུང་། དེ་དུས་བསུ་བ་མཛད་པ་ལ་ཞལ་མཐུན། ཚེས་གཉིས་ཀྱི་ཚ་རྟིང་མ་ཐོག་དཔལ་ལྡན་སྡིངས་ནས། སྔོན་ཐུབ་པའི་དབང་པོ་ལུམྦི་ནིའི་སྐྱེད་ཚལ་ནས་སྤྱན་དྲངས་པ་ལྟར། སྤྱན་འདྲེན་ཞུས། སྟེངས་ནང་སོར་ལེགས་པར་ཕབ། དེ་ཉིན་ནས་ཐབ་ཞལ་སྲོའི་གྲབས་ཤོམས་མཛད། ཚེས་བཞིའི་མཁན་ཆེན་རིན་པོ་ཆེ་རབ་འབྱོར་སེང་གེའི་ཟླ་དུས་ཀྱི་དུས་ཆེན་ཡིན་པ་དང།