R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༤
[A:༧༤]ཤེས་བཟང་པོ་ལས་ རབ་ཏུ་བྱུང་བར་ཁོང་རང་གི་དངོས་སློབ་ཁྲི་ཐ་ཛྙཱ་ནས་བཀོད་པའི་རྣམ་ཐར་ན་ཡོད་ཅེས་བཤད་པས། དེ་གཉིས་མཁན་པོ་གཅིག་པར་སེམས་ཏེ། མཁན་པོ་ཡེ་ཤེས་བཟང་པོའི་མཚན་གྱི། ཡེ་ཤེས་ཞེས་པ་དེ་ཡེ་ཤེས་འོད་ལ་སྦྱར་ཞིང་། བཟང་པོ་དེ་ལོ་ཆེན་རིན་བཟང་ལ་སྦྱར་འདུག་པའི་ཕྱིར་སྙམ་མོ། དེ་ལྟ་བུའི་མཁན་པོ་དེ་ཡང་། ཞང་ཞུང་པ་རྒྱལ་བ་ཤེས་རབ་ལ། འདུལ་བའི་སྒྲུབ་བརྒྱུད་ཀྱི་བླ་མ་དྷརྨ་པཱ་ལ། པྲེ་ཏ་ཀ་ར་གཉིས། བཤད་བརྒྱུད་ཀྱི་བླ་མ་ཛྙཱ་ན་ཤྲཱི་བྷ་དྲ་དང་། ཤྲཱི་བྷུ་སུ་ཏE་ཤན་ཏི་གཉིས་ཏེ་བཞི་ཡོད་པའི། ཛྙཱན་ཤྲཱི་བྷ་དྲ་ནི། ཡེ་ཤེས་དཔལ་བཟང་པོ་ཡིན་པས། པན་ཆེན་དེ་ཉིད་ཡིན་པར་སེམས་སོ། གཉིས་པ་ངོས་ཟིན་ནས་བསྟན་འཛིན་དང་དགོན་གནས་རིམ་པར་བྱོན་ཚུལ་ལ་གཉིས། བསྟན་འཛིན་རིམ་པར་བྱོན་ཚུལ། དགོན་གནས་རིམ་པར་བྱོན་ཚུལ་ལོ། དང་པོ་ནི། འདས་ལོ་ནས་ད་ལྟའི་ཤིང་ཕོ་བྱི་ལོའི་བར་ལ་སུམ་སྟོང་དྲུག་བརྒྱ་གོ་བདུན་ལོན་པའི་ཚེ། ཕྱི་དར་ས་མོ་བྱ་ནས་ལོ་བཅུ་དགུ་པ་མེ་མོ་ཡོས་ཡན་གྱིས་སུམ་སྟོང་དང་བརྒྱ་རུ་སླེབ་ཅིང་། དེ་ཡན་ཆད་དུ་ནི། དབུས་གཙང་མི་བཅུས་བསྟན་པ་ལ་བྱ་བ་བྱས་པ་ཡིན་ལ། སུམ་སྟོང་བརྒྱ་ནས་ཉིས་བརྒྱ་མ་ཟིན་གྱི་བར་ལ་ལོ་པན་སུ་ཞིག་བྱོན་ཞེས་པ་ནས། སུམ་སྟོང་དྲུག་བརྒྱ་པ་ནས་བདུན་བརྒྱ་མ་ཟིན་བར་འདི་ལ་མཁས་པ་སུ་ཞིག་བྱོན་ནས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་སྙམ་ན། འདི་ལ་དྲུག་ཡོད་པའི། དང་པོ་སུམ་སྟོང་བརྒྱ་ཟིན་ནས་ཉིས་བརྒྱར་མ་སླེབས་ཀྱི་བར་འདི་ལ། རྒྱ་ལྦའི་བསྟན་པ་སྤྲིན་མེད་ཀྱི་མཁའ་ལ་རྒྱུ་སྐར་གྱི་ཚོགས་བཀྲ་བ་ལྟ་བུ་ཞིག་དར་བ་ཡིན་ཏེ། དེ་ཡང་