R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༦
[A:i-༦]པ་ད་ཡོད་དཔྱད་གཞི་ཁག་ཏུ་བཙལ་ཀྱང་མ་རྙེད་པའི་རིགས་རེ་ཟུང་མཆིས་པར་(…) གུག་རྟགས་ནང་ཆད་ལྷག་གསལ་ཁ་བཀོད་ཡོད། དྲུག་པ། བསྟན་རྩིས་འདིའི་མ་དཔེའི་མཆན་བུ་རྣམས་〈…〉རྟགས་འདིས་མཚོན་པར་བྱས་ཡོད། བདུན་པ། བསྟན་རྩིས་འདིའི་ནང་གི་ཚིག་འབྲུ་ཆད་འདུག་སྙམ་པ་འགའ་ཞིག་ཡས་མས་ཀྱི་ཚིག་འགྲོས་ལ་བརྟེན་པའམ། ཡང་ན་དཔྱད་གཞི་གཞན་ནས་ཁ་སྐོང་བྱས་རིགས་〔...〕 རྟགས་འདིའི་ནང་བཅུག་ཡོད། བརྒྱད་པ། བསྟན་རྩིས་འདིའི་ནང་གི་བསྟན་བྱ་གཙོ་བོ་རྣམས་ཀྱི་ལོ་ཚིགས་དང་། མཛད་པ་སོགས་འཚོལ་བདེ་བའི་སླད་དུ་མཚན་ཡིག་དང་པོའི་མིང་གཞི་ཀ་བརྡའི་གོ་རིམ་ལྟར་བསྒྲིགས་པའི་ཟུར་བཀོལ་དཀར་ཆག་དང་། འཁྲུངས་འདས་ལོ་ཚིགས་ཀྱི་རེའུ་མིག དགོན་གནས་བཏབ་ལོའི་རེའུ་མིག་བཅས་ཞར་བྱུང་དུ་དཔེ་དེབ་འདིའི་མཇུག་ཏུ་བཀོད་ཡོད། བསྡོམས་ན་བསྟན་རྩིས་འདིའི་ནང་དོན་ལ་བཅོས་ལྷད་སྤུ་ཙམ་མི་འགྲོ་བའི་རྩ་དོན་འོག་དཔེ་སྒྲིག་ནང་འཕྲད་པའི་གནད་དོན་རྣམས་འོས་འཚམས་ཀྱི་ཐག་གཅོད་བྱས་ཁུལ་ཡང་དཔེ་སྒྲིག་པའི་ཤེས་ཚད་ཀྱི་རྐྱེན་པས་མ་འོས་མ་འཚམས་པ་དང་། ཐ་ན་ནོར་འཁྲུལ་དུ་གྱུར་རིགས་མཁས་དབང་རྣམ་པས་ཡོ་བསྲང་གི་སློབ་སྟོན་ཡོང་བ་ཞུ་རྒྱུ་ཡིན། བསྟན་རྩིས་འདིའི་མ་དཔེ་བོད་ལྗོངས་སྨན་རྩིས་ཁང་གི་དགེ་རྒན་སྨན་པ་ཆེ་མོ་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་གཡར་པོ་གནང་བ་དང་། མང་ཐོས་ཀླུ་སྒྲུབ་ཀྱི་སློབ་མ་འདར་སྟོད་བདག་རིག་པ་དགྲ་འདུལ་དབང་པོས་མཛད་པ་《ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱང་པའི་ཚུལ་གསལ་བར་བྱེད་པ་བློ་གསལ་