R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༥
[A:i-༥] གཉིས་པ། བསྟན་རྩིས་འདིའི་མ་དཔེའི་ནང་སྐུང་ཡིག་ཆེས་མང་པོ་འདུག་པ་རང་སོར་བཞག་སྟེ་དཔེ་སྐྲུན་ཞུ་རྒྱུ་ཡང་ཀློག་པ་པོ་མང་པོ་ཞིག་ལ་མཚོན་ན་ཆ་ཚང་ཇི་བཞིན་ཀློག་མི་ཐུབ་ལ་གོ་དོན་དེ་བས་ལོན་དཀའ་བ་དངོས་བསྟན་ལ་བརྟེན་ཀློག་པ་པོ་རྒྱ་ཁྱབ་ཀྱིས་ལྟ་ཀློག་བདེ་བའི་ཆེད་དུ་སྐུང་ཡིག་འཕྱུགས་མེད་དུ་བཀྲལ་བ་ཡིན། གསུམ་པ། བསྟན་རྩིས་འདིའི་ནང་གི་མི་སྣའི་མཚན་དང་། འཁྲུངས་ཡུལ་གྱི་མིང་སོགས་ཚིག་འབྲུ་རེ་ཟུང་ད་དུང་གང་ཡིན་ཐེ་ཚོམ་ཆོད་དཀའ་བའི་རིགས་བཟོ་ཉེས་དྲས་ཐལ་དུ་མི་འགྱུར་བའི་ཆེད་དུ་ཚིག་མཚམས་ཡས་མས་% རྟགས་འདིས་མཚོན་པར་བྱས་ཡོད་པས་ཀློག་པ་པོས་དཔྱད་པ་གནང་རོགས། བཞི་པ། བསྟན་རྩིས་འདིའི་ནང་གི་མི་སྣའི་འཁྲུངས་འདས་ལོ་ཚིགས་ལ་ལའི་ནང་འདས་ལོའི་ལོ་གྲངས་ཚད་ལ་བཟུང་ན་ལོ་ཁམས་མི་འགྲིག་པ་དང་། ལོ་ཁམས་ཚད་ལ་བཟུང་ན་འདས་ལོའི་ལོ་གྲངས་མི་འགྲིག་པའི་གནད་དོན་འདི་ནི་གལ་ཆེའི་གནད་དོན་ཞིག་ཏུ་ཚོར་ནས་བཟོ་བཅོས་ཡེ་མེད་པ་མ་དཔེའི་ནང་གང་འཁོད་རང་སོར་བཀོད་ཐོག་ཚིག་མཚམས་དེར་(…) གུག་རྟགས་ནང་དོགས་བཅོད་བཀོད་ཡོད་པ་མ་ཟད། གལ་ཆེའི་གནད་དོན་ལ་དཔེ་སྒྲིག་པའི་དཔྱད་མཆན་གུག་རྟགས་ནང་ཁ་གསལ་བཀོད་པ། བསྟན་བྱ་གཙོ་བོར་གྱུར་པའི་མཁས་གྲུབ་རྣམས་ཀྱི་བལྟམས་ལོ་སྟོན་པའི་འདས་ལོ་དང་སྦྱར་ཏེ་བཀོད་ཡོད་པ་རྣམས་སྤྱི་ལོའི་གོང་དང། སྤྱི་ལོ་གང་ལ་བབས་པ་ཡང་(…) གུག་རྟགས་ནང་ཁ་གསལ་བྲིས་ཡོད། ལྔ་པ། བསྟན་རྩིས་འདིའི་ནང་མཁས་གྲུབ་འགའ་ཞིག་གི་སློབ་མ་གྲགས་ཅན་ངེས་བཟུང་བྱས་པའི་གྲངས་དང་། ཞིབ་ཏུ་དབྱེ་བའི་གྲངས་གཉིས་མི་མཐུན་