R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༧
[A:i-༧]མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་》ཞེས་བྱ་བའི་གསུང་རྩོམ་ལག་བྲིས་མ་བོད་ཀྱི་རིག་གནས་འཕེལ་རིམ་གྱི་ཞིབ་འཇུག་ལ་དཔྱད་གཞི་ཆེས་ཆེ་བ་དང་། བརྒྱུད་རིམ་ལྡན་པ་གཞན་དུ་རྙེད་དཀའ་བའི་དཔེ་རྙིང་རིན་ཐང་ཅན་ད་ལམ་་་་་་་་་་་་ཆབས་ཅིག་དཔེ་སྐྲུན་ཞུས་པའི་མ་དཔེ་ནི་བོད་ལྗོངས་སྨན་རྩིས་སློབ་གྲྭ་ཆེ་མོའི་་་་་་་་་་་ཡོན་ཀྲང་དགེ་རྒན་སྨན་པ་ཆེ་མོ་བྱམས་པ་འཕྲིན་ལས་མཆོག་ནས་གཡར་པོ་གནང་བ་བཅས་ལ་ང་ཚོས་དུས་སྐབས་འདི་དང་བསྟུན་ནས་ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དགོས་ཡོད། མཚམས་འདིར། མང་ཐོས་ཀླུ་སྒྲུབ་ཐུགས་ཀྱི་རྒྱ་མཚོ་ལས། །ཉེར་ཐོན་བསྟན་རྩིས་གསལ་བའི་ཉིན་མོར་བྱེད། །གངས་ཅན་ལྔ་རིག་སྣང་བའི་དགའ་སྟོན་སླད། །འཁྲུལ་པར་ཁྱུང་སྔོན་སྐྱེས་ཀྱིས་ཡོངས་སུ་དྲངས། ། དཔེ་སྒྲིག་པ་ནོར་བྲང་ཨོ་རྒྱན་གྱིས། སྤྱི་ལོ་༡༩༨༧ལོའི་ཟླ་༩ཚེས་༢༥ལ།