R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༨༤
[A:༢༨༤]པར། ཆོས་ཀྱི་གཞུང་དང་། སྒྲའི་ལུགས་ལས་ཇི་ལྟར་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པ་སྤྱོད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ་སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣོན། གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་དཔྱོད་དུ་གནང་གིས་ཀྱང་། ལྡེམ་པོའི་ངག་ཏུ་བཤད་པ་མ་ཁྲོལ་ནས། སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་འབྱུང་། སྔགས་རྒྱུད་ནི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་འབྱུང་། ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་། བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ་སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་སྣང་ངོ་། ། ཞེས་གསུངས་པ་ལྟར་དེ་ལྟར་སྔར་དར་གྱི་སྐབས་སུ་སྒྲའི་ཡིག་ཆ་བྱུང་བ་ནི། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་སྒྲའི་གནས་བརྒྱད་པ་རྩ་འགྲེལ། ལོ་ཙཱ་བ་སྤྱིས་ཐུན་མོང་དུ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་སྒྲ་སྦྱོར་བམ་པོ་གཉིས་པ་སོགས་སོ། ། དེ་དག་གི་རྗེས་སུ་ཞུགས་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཙཱ་བ་རྣམས་ཀྱི་མཆོག་རིན་ཆེན་བཟང་པོ་དང་། བློ་ལྡན་ཤེས་རབ་ལ་སོགས་པས་ཀྱང་གཙོ་བོར་ལོ་ཙཱ་བ་རྣམས་ཀྱི་བརྡ་ཆད་ལས་མ་གཡོས་ཤིང་། ཅུང་ཟད་བཅོས་པ་གཉི་ཟླ་ལ་ཉི་ཟླ་དང་། བསྟན་ཆོས་ལ་བསྟན་བཅོས་དང་། སྟུག་པོ་ལ་མཐུག་པོ་ལ་སོགས་པ་ཡོད་དོ། ། དེ་ལྟར་བརྡ་གསར་རྙིང་གི་བྱེ་བྲག་རྣམ་པར་འབྱེད་ཚུལ་ཡང་། དབུས་