R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༨༣
[A:༢༨༣]ཡིན་ནམ་མིན་གཏོལ་མེད་པ་རྣམས་ནི་འགོ་ལ་ཡུལ་ཞེས་སམ། མེ་ཏོག་ཅེས་བྱ་བ་གང་ལ་བྱ་བའི་མིང་ཞིག་བླ་ཐབས་སུ་བསྣོན་ལ། རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་ལུགས་བཞིན་དུ་བསྒྱུར་ན་དོན་དང་ཡང་མི་འགལ་ལ། བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །ས་རི་དང་། སམ་དང་། ཨུ་པ་ལྟ་བུ་ལ་སོགས་པ་ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན། དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི། ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་ཇི་བཞིན་དུ་སྒྱུར་ཅིག དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱི་དོན་བཞིན་དུ་ཐོཊ་ཤིག རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོགས་ན་མིང་གང་། བོད་སྐད་དུ་ཕྱིར་གདགས་ཤིང་ཚིག་ཏུ་གང་བདེ་བར་གདགས་སོ། འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པ་ལ་ཞེ་ས་དང་། ཀོ་ལོང་གི་ཚིག་གི་རིམ་པ་ནི། སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་མ་ཚིག་འབྲིང་པོ་ཡན་ཆད་ཙམ་དུ་བྱ་སྟེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། འཕགས་པ་ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོར་ནས་སུ་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གི །བསྒྱུར་བ་དང་འཆད་པའི་གྲ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ན། སོ་སོའི་གྲ་གྲར་མིང་ཆད་པ་མ་གདགས་