R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༥
[A:༢༧༥]ཞིག་ཡོད་དེ། ཉིན་རེ་བཞིན་དེ་ལ་མེ་ཏོག་མང་དུ་ཕུལ་ནས་ཕྱག་བཙལ་ཏེ་གུས་པས་གསོལ་བ་བཏབ་པས་དུས་ནམ་ཞིག་ན། དཔྱིད་ལྡན་མ་ལྷ་ལ་མཆོད་པའི་དུས་ཤིག་ལ། དེས་ཐོ་རངས་མེ་ཏོག་འཐུ་རུ་སོང་བའི་ཚེ་དཔྱིད་ལྡན་མའི་གཡོག་མོ་ཞིག་ཀྱལ་ཀའི་དོན་དུ་གོ་ལ་མུར་བཞིན་དུ་ལྷ་མོ་ནག་མོའི་རྟེན་གྱི་རྒྱབ་ཏུ་ཡིབ་ཅིང་འདུག་གོ། ། ཕྱུགས་རྫི་དེས་སྔར་བཞིན་གསོལ་བ་བཏབ་པའི་ཚེ། གཡོག་མོ་དེས་གོ་ལ་མུར་འཕྲོ་ལག་ཏུ་གཏད་པས། འདི་ནི་ལྷ་མོས་དངོས་གྲུབ་ཏུ་གནང་བ་ཡིན་ནོ་སྙམ་དུ་སེམས་ཤིང་ཡིད་ཆེས་སོ། ། དེ་ཉིད་བློ་གྲོས་ཐོགས་པ་མེད་པས་རྟོག་གེ་དང་། བརྡ་སྤྲོད་པ་དང་། སྙན་ངག་སྨྲ་བ་ཆེན་པོར་གྱུར་ཏེ། ལག་པ་གཡས་སུ་པདྨའི་མེ་ཏོག་དང་། གཡོན་དུ་ཨུཏྤལ་ཞིག་ཐོགས་ཏེ། པདྨ་ནི་མེ་ཏོག་བཟང་ཡང་ཡུ་བ་རྩུབ། ཨུཏྤལ་ནི་མེ་ཏོག་ཆུང་ཡང་ཡུ་བ་འཇམ་པས་གང་ཞིག་འདོད། ཅེས་པའི་དོན་ལ་བདག་གི་ལག་པ་གཡས་ན་པདྨ་དང་། །གཡོན་ན་དེ་བཞིན་ཨུཏྤལའི་མེ་ཏོག །འཇམ་པའི་ཡུལ་བའམ་རྩུབ་པའི་ཡུ་བ་ཅན། །གང་འདོད་ལོང་ཞིག་པདྨའི་མིག་ཅན་མ། །ཞེས་བརྗོད་པས་མཁས་པར་སོང་བ་ཤེས་ཏེ་བཀུར་སྟི་ཆེན་པོ་བྱས། དེས་ལྷ་མོ་ནག་མོ་ལ་ཤིན་ཏུ་གུས་པར་བྱས་པས། ཀཱ་ལི་ད་ས་སྟེ་ནག་མོའི་འབངས་སམ་ནག་མོའི་ཁོལ་པོར་གྲགས། དུས་དེ་ཙམ་ན་སྙན་ངག་མཁན་མཐའ་དག་གི་གཙུག་གི་ནོར་བུར་གྱུར། སྤྲིན་གྱི་ཕོ་ཉ་ལ་སོགས་པ་ཕོ་ཉ་བརྒྱད་དང་། གཞོན་ནུ་འབྱུང་བ་ལ་སོགས་པའི་སྙན་ངག་གི་བསྟན་བཅོས་ཆེ་བ་ཡང་མང་དུ་བརྩམས། འདི་དང་སཔྟ་ཝརྨ་གཉིས་ཀ་གྲུབ་མཐའ་ནི་ཕྱི་