R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༧༤
[A:༢༧༤]འདི་བརྗོད་ཅིག གཞས་སུ་ཞིག་གིས་དྲིས་ཀྱང་ལན་འདེབས་པར་མ་བྱེད་ཅིག་ཅེས་བསྒོས་ཏེ་དེ་ལྟར་བྱེད་རྒྱུ་ལ། དེ་ངག་བཏབ་སྟེ་རྒྱལ་པོ་ལ་མེ་ཏོག་གཏོར་ནས། ཨུ་ཤ་ར་ཊ་ཞེས་ཟེར་རོ། དེར་སློབ་དཔོན་གྱིས་ཡི་གེ་བཞི་པོ་དེ་དག་གི་དོན་བཀྲོལ་ཏེ། ཨུ་མ་ཡ་ས་ཧི་ཏོ་རུ་ཏྲ། ཤངྐ་ར་ས་ནི་ཏྭ་བི་ཥྞུ་ཊམ་ཀ་ར་ཤྲཱ་ལ་པཱ་ཎིཥཙ། རཀྵནྟུ་ཤི་བ་སརྦ་ཏ་ཞེས་པའི་དོན་ཏེ། ཤིས་པ་བརྗོད་པ་ཡིན་ཞེས་ཁ་བསྒྱུར་རོ། །ཚིག་དེ་བོད་སྐད་དུ་བསྒྱུར་ན། ཨུ་མ་དང་བཅས་དྲང་པོ་དང་། བདེ་བྱེད་དང་བཅས་འཇུག་སེལ་ཏེ། ཊཾ་ཚུལ་ཕྱག་ན་མདུང་ཐུང་ཡང་། ཞི་བས་རྟག་ཏུ་བསྲུང་བར་མཛོད། ཅེས་སོ། ། དེ་ནས་དཔྱིད་ལྡན་མས་སྐྲའི་དོན་ལ་སོགས་པ་དྲིས་ཀྱང་ཅང་མི་སྨྲ་ལ། མཆོག་སྲེད་ཀྱིས་བདག་གི་སློབ་དཔོན་མཁས་པ་འདི་བུད་མེད་ཀྱིས་དྲིས་པ་ལ་ལན་ཅི་ལ་འདེབས། ཞེས་རྨོངས་པར་བྱས་ནས། བྲམ་ཟེ་མཆོག་སྲེད་ལྷོ་ཕྱོགས་སུ་བྲོས་སོ། unaudited དེ་ནས་ལྷ་ཁང་རྣམས་སུ་ཁྲིད་ཀྱང་ཅང་མེ་སྨྲའོ། །མཐར་ལྷ་ཁང་གི་ཕྱི་ཁྱམས་སུ་སྲོག་ཆགས་སྣ་ཚོགས་པའི་གཟུགས་བྲིས་པ་ལ། པ་ལང་གི་གཟུགས་བརྙན་མཐོང་བ་དང་དགའ་སྟེ། ཕྱུགས་སྐྱོང་བའི་རྣམ་འགྱུར་བྱེད་དོ། །དེ་ནས་ཀྱེ་མ་ཧོ་འདི་ནི་པ་ལང་རྫིའོ་ཞེས་ཏེ་བསླུས་པར་ཤེས་སོ། །བློ་དང་ལྡན་ན་སྒྲ་བསླབ་པར་བྱའོ་ཞེས་བརྟགས་པས་སྐྱེ་བོ་ཤིན་ཏུ་བློ་རྟུལ་བར་བྱུང་སྟེ། དཔྱིད་ལྡན་མས་ཀྱང་སྡང་པོར་བྱས་ཤིང་། ཉིན་རེ་བཞིན་མེ་ཏོག་འཐུ་རུ་བཏང་ངོ་། ། མ་ག་དྷའི་ཕྱོགས་གཅིག་ན་ལྷ་མོ་ནག་མོའི་སྐུ་ཡའི་བཐོ་བོས་རྒྱས་པ་