R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༦༧
[A:༢༦༧]དཔོན་ཉིད་ཡུལ་གཞན་དུ་འགྲོ་བ་རྒྱལ་པོས་ཤེས་ཏེ། དེ་ངའི་བུ་མོ་དང་ལྷན་ཅིག་མི་འདུག་ན་སྒྲོམ་དུ་ཆུག་ལ་གངྒཱ་ལ་སྐྱུར་ཅིག ཅེས་བསྒོས་ཏེ་དེ་བཞིན་དུ་བྱས་པ་ན། སློབ་དཔོན་གྱིས་སྒྲོལ་མ་ལ་གསོལ་བ་བཏབ་པས། ནམ་མཁའ་དང་རྒྱ་མཚོ་ཕྲན་མཚམས་ཀྱི་གླིང་ཞིག་ལ་ཐོན། གླིང་དེ་འཕགས་མས་སྤྲུལ་པ་ཡིན་ཡང་ཟེར་ཏེ། ཙནྡྲ་དྭཱི་པ་ཞེས་བྱ་བ་ཙནྡྲ་གོ་མི་ཉིད་དེར་བཞུགས་པ་ལ་མིང་ཆགས་ཤིང་ད་ལྟ་ཡང་ཡོད། གྲོང་བདུན་སྟོང་ཙམ་ཤོང་བ་ཞིག་འདུག་ཟེར། དེར་སློབ་དཔོན་གྱིས་བཞུགས་ཏེ་འཕགས་པ་སྤྱན་རས་གཟིགས་དང་སྒྲོལ་མའི་རྡོ་སྐུ་བཞེངས། ཐོག་མར་ཉ་པ་རྣམས་ཀྱིས་གཏམ་དེ་ཐོས། དེ་ནས་རིམ་གྱིས་སྐྱེ་བོ་གཞན་ཡང་བྱུང་སྟེ་གྲོང་ཁྱེར་ཆགས། འཕགས་པ་སྤྱན་རས་གཟིགས་ཀྱི་བསྐུལ་བར་གོ་མིས་དགེ་བསྙེན་མཛད། མཚན་དེ་ལྟར་གྲགས། དེ་ནས་ཚོང་པ་རྣམས་ཀྱིས་ཁྱེར་ཏེ་སིངྒའི་གླིང་དུ་བྱོན། ཡུལ་དེ་ན་ཀླུ་ནད་མང་དུ་འབྱུང་བ་ཞིག་ཡོད་པ་ལས་དེར་སེང་གེ་སྒྲའི་ལྷ་ཁང་བཞེངས་པས་རང་ཞི། སྨན་དཔྱད་དང་རིག་གནས་རྒྱ་ཆེར་སྤེལ། གླིང་ཕྲན་གྱི་སྐྱེ་བོ་རྣམས་ལ་ཕན་བཏགས། ཐེག་ཆེན་ཅི་རིགས་བཤད། ཡུལ་བདག་གནོད་སྦྱིན་ལས་ནོར་བླངས་ཏེ་ཆོས་མང་དུ་བཙུགས། སླར་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་བརྒྱུད་དུ་བྱོན། བྲམ་ཟེ་མཆོག་སྲིད་ཀྱི་ལྷ་ཁང་ན། ཀླུ་ལ་སྒྲ་ཉན་པའི་བཀོད་པ་དང་། ཀླུ་ཤེ་ཥས་བྱས་པའི་པྭ་ཎི་པའི་འགྲེལ་པ་འདུག་པ་ཡང་གཟིགས་པས། འགྲེལ་བ་ཞེས་བྱ་བ་ཚིག་ཉུང་ལ་དོན་མང་བ། མ་ཟློས་པ་ཚང་བ་ཞིག་དགོས་པ་ཡིན་པ་ལས། ཀླུ་ནི་རབ་ཏུ་རྨོངས་ཏེ་ཚིག་མང་བ། དོན་ཉུང་བ། ཟློས་པ་མ་རྫོགས་པའོ། །ཞེས་སྨད་ནས་པཱ་ཎིའི་དོན་འགྲེལ་དུ་ཙནྡྲ་བྱ་ཀ་ར་ཎ་ཡན་ལག་བརྒྱད་དང་བཅས་པ་བཅས་མཛད། གཞུང་དེར་ཉུང་